འཐག་གི་བརྒྱུད་རིམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

  བོད་རུམ་གྱི་རྒྱུ་ཆ་གཙོ་བོ་ནི་ལྷད་མེད་ཀྱི་ལུག་བལ་སྣལ་མ་སྒྲིམ་ཏེ་བྱུང་བ་ཞིག་ཡིན་པ་དེར་ས་གདན་དང་། ཁ་གདན། འགེལ་རུམ། དེ་བཞིན་ཡུལ་སྐོར་དྲན་རྟེན་དངོས་པོ་སོགས་སྣེ་ཁ་མང་ལ་ཚོན་མདོག་ཧ་ཅང་ཕུན་སུམ་ཚོགས་པའི་ཐོན་ཟོག་ཅིག་ཡིན།
དེའི་བརྒྱུད་རིམ་ནི་དང་ཐོག་བལ་སྤུ་གཙང་དཀྲུས་ཀྱིས་གསེད་རྒྱག་པ་དང་། སྣལ་མ་འཁེལ་བ། ཚོས་རྒྱག་པ། དངོས་སུ་འཐག་པ། ཇེམ་ཙེ་རྒྱག་པ། དཀྲུ་བ་སོགས་ཀྱི་གོ་རིམ་བརྒྱུད་དགོས་ཀྱི་ཡོད་པ་རེད། ལྷ་ས་རུམ་ཐག་ཚད་ཡོད་འགན་ཁྲི་ཀུང་སིའི་ལས་བཟོ་ཕལ་ཆེ་བ་ནི་ལོ་10ཡན་གྱི་བོད་རུམ་འཐག་པའི་ཉམས་མྱོང་ཡོད་པ་ཤ་སྟག་ཡིན། ཕོ་བྲང་པོ་ཏ་ལ་སོགས་བོད་རུམ་འཐག་སྐབས་སྤྱོད་པའི་རི་མོ་མང་པོ་ཞིག་ནི་ཁོང་ཚོའི་བློ་ལ་ཆུད་ཟིན་པས་སྔོན་ལ་རི་མོ་འབྲི་དགོས་ཀྱི་མེད། ད་ཐེངས་ཁོང་ཚོས་འཐག་རྒྱུ་ནི་རིང་ཚད་ལ་སྨི་4.5དང་ཞེང་ཚད་ལ་སྨི་2.7ཡོད་པའི་ཕོ་བྲང་པོ་ཏ་ལའི་རི་མོ་འཁོད་པའི་འགེལ་རུམ་ཞིག་ཡིན་པ་རེད།

  བོད་རུམ་མཛེས་རྩལ་བཟོ་པས་དཔེ་རིས་འབྲི་གི་ཡོད་ཅིང་། འདི་ནི་མཛེས་རྩལ་བཟོ་པས་དཔེ་རིས་ཀྱི་གནས་གང་དུ་ཚོས་གཞི་གང་སྤྱོད་པའི་རྟགས་རྒྱག་བཞིན་ཡོད་པ།

  འགེལ་རུམ་གྱི་རི་མོའི་ཆ་ཤས་ཤིག་སྟེ། ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ཡིན་པ།

  བོད་རུམ་འཐག་པར་དགོས་ངེས་ཀྱི་ལག་ཆ་ཡིན་པ།

  བོད་རུམ་འཐག་མཁན་བཟོ་པ་ཚོས་འགེལ་རུམ་འཐག་བཞིན་ཡོད་པ།

  

  བོད་རུམ་བཏགས་ཚར་རྗེས་རྒྱབ་ངོས་སུ་འཛར་བའི་སྤུན་དོག་འཇུག་བཞིན་ཡོད་པ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།