
དགའ་ལྡན་སུམ་རྩེན་གླིང་ནི་ཡུན་ནན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཡིན་ཞིང་། མིང་གཞན་ལ“པོ་ཏ་ལ་གཉིས་པ”ཡང་ཟེར། དེ་ནི་ཡུན་ནན་དང་སི་ཁྲོན་བརྒྱུད་ཀྱི་དགེ་ལུགས་པའི་གྲུབ་མཐའའི་ལྟེ་བའི་དགོན་པ་ཞིག་ཡིན་པ་མ་ཟད། བོད་ཁུལ་ཡོངས་ན་ཡང་གོ་གནས་ཆེན་པོ་ཞིག་ཟིན་ཡོད། དགའ་ལྡན་སུམ་རྩེན་གླིང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་གི་ལོ་སྟེ་སྤྱི་ལོ1679ལོར་བཞེངས་འགོ་ཚུགས་པ་དང་། རབ་བྱུང་བཅུ་གཅིག་པའི་ལྕགས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ1681ལོར་བཞེངས་་ནས་གྲུབ། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་དགོན་པའི་མཚན་ལ་དགའ་ལྡན་སུམ་རྩེན་གླིང་ཞེས་བསྕལ།