འཛམ་གླིང་ཐོག་ཆེས་རིང་བའི་དཔལ་དགེ་རྡོ་འབུམ་ལྕགས་རི།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དཔལ་དགེ་བླ་མ་སྐུ་ཕྲེང་རིམ་བྱོན།

  སི་ཁྲོན་གྱི་ས་བབ་ཆེས་མཐོ་བའི་རྫོང་སྟེ་སེར་ཤུལ་རྫོང་དུ་གདོད་མའི་འབྲོག་པའི་ཚོ་ཁག18འཚོ་སྡོད་བྱས་ཡོད་ཅིང་། ཀུན་གྱིས་ཁོང་ཚོའི་མིང་ལ་ཉི་མའི་ཚོ་བ་ཞེས་འབོད། རྫོང་དེའི་ཁྲོམ་གཟའ་གོང་མ་ཤང་གི་ཁོངས་སུ་དཔལ་དགེ་མ་ཎི་རྡོ་འབུམ་གྱི་ལྕགས་རི་ཞིག་ཡོད་པར་ད་བར་དུ་ཧ་ལམ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དེ་ནི་འཛམ་གླིང་ཐོག་མ་ཎི་རྡོ་འབུམ་གྱི་ལྕགས་རི་ཆེས་རིང་ཤོས་ཡིན། ཡུལ་དེའི་མང་ཚོགས་ཀྱིས་དེ་ལ་མི་རིགས་ཀྱི་དད་པའི་ལྕགས་རི་རིང་བོ་ཞེས་འབོད།

   ཤེས་གསལ་ལྟར་ན། དཔལ་དགེ་མ་ཎི་རྡོ་འབུམ་ཆོས་ཀྱི་ཕུང་པོ་ཞེས་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ལྕགས་རི་དེ་ནི་དཔལ་དགེ་སྤྲུལ་སྐུ་རིམ་བྱོན་གྱིས་བརྩིགས་ནས་རྒྱ་ཆེར་བཏང་བ་ཡིན། ད་ཆ་རྡོ་འབུམ་གྱི་ལྕགས་རིའི་རིང་ཚད་ལ་ལེ་དབར་1.7 དང་། ཞེང་གི་རིང་ཚད་ལ་སྨི་2ནས་3། དཔང་ཚད་ལ་སྨི་2.5ནས་3.5ཡོད། རྡོ་འབུམ་གྱི་ཕུང་ཆེན་དེ་ནང་དུ་རྡོ་རྐོས་སྐུ་འདྲ་སུམ་སྟོང་ལྷག་དང་། བོད་ཡིག་གི་བཀའ་བསྟན་གཉིས། ༼ཐར་མདོ༽ཁག་ལྔ་སྟོང་ལྷག་དང་། ༼འཕགས་པ་སྐལ་བ་བཟང་བོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།༽ཁག་སྟོང་ལྷག རྡོ་རྐོས་མ་ཎི་ཆེ་ཆུང་དུང་ཕྱུར་ལྷག་བཅས་ཡོད་པ་རེད།

   ལོ་ཙཱ་བ། ཁོན་ཐར་འཚོ།

 

  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།