གནའ་མཁར་གྱི་སྙན་དབྱངས་ལས་ཟོལ་མེད་ཀྱི་བརྩེ་བ་བརྗོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

པར་འདི་ནི་ཡུལ་དངོས་སུ་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཡུལ་དངོས་ཀྱི་ལྟད་མོ་བའི་ཟུར་གཅིག་རེད།

པར་འདི་ནི་གཞས་པ་ཐུབ་བསྟན་ཉི་མས་གཞས་གཏོང་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ལྷ་ས་གྲོང་ཁྱེར་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི"གངས་ལྗོངས་གནའ་མཁར·མཛེས་པའི་ལྷ་ས"ཞེས་པའི《ལྷ་སའི་སྙན་དབྱངས》འགྲེམས་སྤེལ་ཚོགས་འདུ་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་བྱེད་སྒོ་ཁག་གཉིས་པའི་ཚོད་ལྟ་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་དུ་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭའི་རིག་གནས་སྤྱི་གླིང་སོགས་གྲོང་མིའི་སྤྲོ་གསེང་གི་དཔེ་སྟོན་ས་ཚིགས20ལ་སྒོ་བྱང་གནང་བ་རེད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།