ཟླ10པའི་ཚེས16ཉིན། དུས་རབས་གསར་པའི་རེབ་གོང་ཐང་ག་སྒྱུལ་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་སྟེང་ཞུགས་པའི་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཚོ་ཐུན་རིན་གྲོང་ཁྱེར་གྱི་རེབ་གོང་ཐང་ག་སྒྱུ་རྩལ་གཙོ་བྱས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་ལྟ་སྐོར་བྱེད་དུ་སོང་།
དུས་ཡུན་ཉིན་གཅིག་རིང་ལ། ཆེད་མཁས་པ་རྣམས་ཀྱིས་རོང་བོ་དགོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཕྱོགས་བསྡུས་ཁྲིད་སྦྱོང་ལྟེ་གནས་དང་། ཐུན་རིན་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མྱོང་རྟོགས་ཁང་། རོང་བོ་དགུ་ཆུའི་མཛེས་ལྗོངས། རེབ་གོང་རི་མོ་ཁང་། སྒོ་དམར་གནའ་མཁར་བཅས་སུ་རིག་གཞུང་རྟོག་ཞིབ་བྱས་པ་དང་ཆབས་ཅིག་རེབ་གོང་ཐང་ག་སྒྱུ་རྩལ་གྱི་ཐོན་ལས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ། རེབ་གོང་ཐང་ག་སྒྱུ་རྩལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐབས་དང་ཇུས་བཏོན་པ་རེད། །