ཟླ9པའི་ཚེས24ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས་སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ནགས་རྩྭ་སོགས་སྡེ་ཚན་གིས་མཉམ་དུ《གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ཞིག》བཏོན་པའི་ནང་བྱ་ཐབས་ཁག31ཁ་གསལ་བཟོས་ནས། གཙོ་གནད་རྣམ་གྲངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུར་འགན་ལེན་བྱས་ཡོད། བྱ་ཐབས་དེ་དག་ཁྲོད་གསར་གཏོད་བྱ་ཐབས་ཁག13ཡོད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་ཐབས་ཁག18དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
ས་ཆ་སྤྱོད་པའི་ཐད། ཞབས་ཞུ་ཇེ་ལེགས་སུ་བཏང་ནས་འགན་ལེན་ཤུགས་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཞིང་ཆེན་གྱི་འཛུགས་སྐྲུན་ས་ཆ་སྤྱོད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། དུས་བཀག་ལྟར་རྣམ་གྲངས་གལ་ཆེན་གྱི་ས་ཆ་སྤྱོད་པའི་དོན་དག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དུས་ཚིགས་རེར་གསར་དུ་ལས་མགོ་ཚུགས་པའི་རྣམ་གྲངས་ཀྱི་ས་ཆ་སྤྱོད་པའི་གསལ་ཐོ་བཟོས་ནས་གཙོ་གནད་ཐོག་འགན་ལེན་བྱ་རྒྱུ་རེད། མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་ལེགས་བསྡུས་ཞིབ་གཉེར་ལ་སྐུལ་འདེད་གཏོང་བ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ས་གནས་ཁག་གིས་ཆོག་མཆན་སྤྲད་ཀྱང་མཁོ་སྤྲོད་མ་བྱས་པ་དང་བེད་མེད་དུ་བསྐྱུར་བའི་ས་ཆ་དེ་གསར་འཕར་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་འཆར་གཞིའི་དམིགས་ཚད་ནང་འཇུག་པ་དང་། གྲངས་ཚད་འདང་ངེས་ཀྱིས་ས་གནས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་པར་ཕྱིར་སློག་བྱེད་དགོས། ཕྱོགས་བསྡུས་གདེང་འཇོག་བྱ་དགའི་སྔོན་ཐོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས། “མུའུ་རེར་ཆ་སྙོམས་གདེང་འཇོག་བྱེད་པའི”གླིང་ཁུལ་གྱི་གདེང་འཇོག་ཨང་རིམ་ལོ་3ལ་བསྟུད་མར་རིགས་མཚུངས་གསར་སྤེལ་ཁུལ་གྱི་མདུན་གྲལ་དུ་སླེབས་རིགས་ལ། གནས་ཡུལ་རྫོང(གྲོང་ཁྱེར་དང་ཆུས)གི་དམིགས་ཚད་བྱ་དགའ་སྤྲོད་རྒྱུ་རེད། དངུལ་ཁང་གི་ཁག་ཐེག་ཡི་གེ་དང་མ་གནས་གཅོག་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། ཞིང་ཆེན་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ཚན་པས་དངུལ་ཁང་ལ་ཁག་ཐེག་ཡི་གེ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་ས་ཞིང(རྨོ་ཞིང)བསྐྱར་སྦོལ་གྲོན་དངུལ་སྔོན་ཉར་བྱེད་པར་རྒྱབ་སྐྱོར་བྱ་དགོས།
ནགས་སྤྱོད་ཐད། “ཆད་རུང་སྒྲུབ་རྒྱུར་ཁས་ལེན་བྱེད་པ”མཐའ་འཁྱོངས་བྱས་ནས་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱིས་ནགས་ཤིང་དང་རྩྭ་རའི“ཆད་རུང་ཁས་ལེན་བྱེད་རྒྱུའི”འགྲོ་ལུགས་གཉེར་ནས་ནུས་རྒྱུ་དང་། འགྲིམ་འགྲུལ། ཆུ་བེད་བཅས་ཁྱབ་ཁོངས་ཀྱི་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱིས་ནགས་སའི་བཅད་གྲངས་ཀྱི་དམིགས་ཚད་སྤྱོད་རིགས་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། “སྔ་བསྣུར་དུ་སྒྲུབ་རྒྱུ”མཐའ་འཁྱོངས་ཀྱིས་ཆ་རྐྱེན་དང་མཐུན་པའི་ཚོད་འཛིན་རང་བཞིན་གྱི་ཁེར་རྐྱང་ལས་གཞི་དང་ཆ་སྡེབ་ལས་གཞིར་དུས་འགོའི་ལས་དོན་གྱི་ཆོག་མཆན་གཞིར་བཟུང་། ཞིང་ཆེན་རིམ་པའི་ནགས་རྩྭ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྔོན་ལ་ནགས་རྩྭ་བེད་སྤྱོད་བྱེད་པའི་ཞིབ་བཤེར་འགྲོ་ལུགས་གཉེར་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ལ་ནགས་ཚལ་དང་རྩྭ་སའི་སྲིད་འཛིན་ཆོག་འཐུས་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆོག་འཐུས་འགྲོ་ལུགས་མཉམ་དུ་གཉེར་ཆོག “སྒྲིག་སྲོལ་ལྟར་ལེགས་སྒྲིག་བྱ་རྒྱུ”མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་ཐིག་ཚད་རང་བཞིན་གྱི་ལས་གཞིའི་རྣམ་གྲངས་ལ་རང་བྱུང་སྲུང་སྐྱོང་ཁུལ་ལས་གཡོལ་ཐབས་བའི་ཁར་འཛུགས་སྐྲུན་བྱེད་དགོས་རིགས་ལ་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེ་མཚུངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པའི་ཁུལ་ལེགས་སྒྲིག་བྱ་རྒྱུའི་རེ་ཞུ་བྱས་ཆོག
ཁོར་ཡུག་སྲུང་སྐྱོང་གི་ནུས་རྒྱུ་སྤྱོད་པའི་ཐད། ནུས་རྒྱུ་སྤྱོད་པའི་ཐད་སྤྱི་འདོམས་བཀོད་སྒྲིག་ལ་དམིགས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱིས་གཙོ་གནད་བཀོད་སྒྲིག་བྱ་ཡུལ་དུ་འཛུགས་སྐྲུན་བྱས་པའི་ལྗང་མདོག་ཐཱན་ཉུང་ལེགས་ཆའི་ཐོན་ལས་རྣམ་གྲངས་དང་། “ལོ་ལྔ་ཚན་བཅུ་བཞིའི”རིང་གི་ནུས་རྒྱུ་ཟད་ཚད་དམའ་རུ་གཏོང་བའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་པའི་གྲོང་ཁྱེར(ཁུལ)གྱིས་འཛུགས་སྐྲུན་བྱས་པའི་ཚན་པའི་ནུས་རྒྱུ་ཕན་ཚད་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་རྣམ་གྲངས་དང་། དེ་བཞིན་ཚན་པའི་ཐོན་རྫས་ཀྱི་ནུས་རྒྱུ་ཕན་ཚད་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱི་ནུས་རྒྱུ་ཟད་ཚད་ཀྱི་ཚབ་བྱེད་ཚད་དེ་ཞིང་ཆེན་རིམ་པས་སྤྱི་འདོམས་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད། ཁོར་ཡུག་གདེང་འཇོག་དོ་དམ་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ཏེ་གླིང་ཁུལ་འཆར་འགོད་ཀྱི་ཁོར་ཡུག་གདེང་འཇོག་དང་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཐད“གཞི་གཅིག་ཅན་གྱི་སྐུལ་འདེད”འཚོལ་ཞིབ་བྱས་ནས་སྤེལ་བ་དང་། རིམ་པ་དང་རིགས་དབྱེ་ནས་ཁོར་ཡུག་གདེང་འཇོག་གི་ཞབས་ཞུའི་འགན་ལེན་རྩིས་ཁྲ་བཟོས་ཏེ། ཆེད་མིས་འགན་འཁུར་བ་དང་། བཀོད་གཏོང་འགན་ལེན། རྗེས་སྙེག་ཞབས་ཞུ་བཅས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཚོད་ལྟ་བྱེད་གནས་ལ་དམིགས་ཏེ། འཛུགས་སྐྲུན་ལས་གཞིའི་སྦགས་བཙོག་དངོས་རིགས་གཙོ་བོའི་སྤྱི་འབོར་དམིགས་ཚད་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱེད་དགོས།
ལས་དོན་འགན་ལེན་ཐད། ལས་ཀའི་སྐུལ་ལྕག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ལོ་ལྟར་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ། རྣམ་གྲངས་ཀྱི་དུས་མགོའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ནས་རྣམ་གྲངས་ཀྱི་འབྲེལ་ཡོད་ཞིབ་འཇུག་དང་། ཆེད་དོན་རིགས་པས་ཁུངས་སྐྱེལ། བློ་འདྲི་དཔྱད་དཔོག་སོགས་ཀྱི་དུས་མགོའི་ལས་དོན་ཐད་སྤྱོད་རྒྱུ་ཡིན་པ་རེད། མ་དངུལ་བསྡུ་སྒྲིལ་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ད་ཡོད་ཀྱི་བྱང་ཆུབ་པའི་ལས་སྟེགས་ལ་བརྟེན་ནས། རྣམ་གྲངས“དངུལ་རྩའི་སྒོ་རྩིས་ཚོང་ཁང”བསྐྲུན་ཏེ། གནད་སྨིན་ནུས་ཆེའི་ངང་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། མཐུན་སྦྱོར་བཀོད་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་རིམ་དབྱེ་མཐུན་སྦྱོར་ལམ་སྲོལ་དང་། ཞིང་ཆེན་གྱི་རྣམ་གྲངས་མ་འཇོག་བྱང་བུ་བཀལ་ནས་སྒྲུབ་སྐུལ་དང་བརྡ་ཁྱབ་གཏོང་བའི་ལས་ཀའི་ལམ་སྲོལ། “ངོ་ཐུག་གདོང་འཕྲད་ཀྱིས་གཞུང་དོན་སྒྲུབ་པའི”ལས་ཀའི་ལམ་སྲོལ་བཅས་དོན་འཁྱོལ་བྱས་ཏེ། དུས་ཐོག་ཏུ་གནད་དོན་མཐུན་སྦྱོར་དང་དུས་བཀག་ནང་སྒྲུབ་གཉེར་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། །