བར་སྣང་ནས་དབྱར་གཞུང་གི་ཡར་ཉང་བརླན་སའི་མཛེས་ལྗོངས་ལ་གཟིགས་པ།
ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་མཛེས་ལྗོངས།
ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་ཟུར་ཞིག
དབྱར་གཞུང་གི་ཡར་ཉང་བརླས་ས་སྤྱི་གླིང་གི་མཛེས་ལྗོངས།
དབྱར་གཞུང་གི་ཡར་ཉང་བརླས་ས་སྤྱི་གླིང་གི་མཛེས་ལྗོངས།
དབྱར་གཞུང་དུ་ཡར་ཀླུང་གཙང་བོ་དང་ཉང་ཆུའི་འདྲེས་མཚམས་སུ་གནས་པའི་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་དུ་ཆུ་ཡི་རྦ་རླབས་གཡོ་ཞིང་རྩྭ་ཆུ་འཛོམས་པས་རབ་ཏུ་མཛེས་པའི་སྐྱེ་ཁམས་རི་མོ་ཞིག་ངང་གིས་གྲུབ་པས་མི་ལ་སེམས་འགུལ་ཐེབས་པ་རེད།
ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི་ཡར་ཀླུང་གཙང་བོ་དང་ཉང་ཆུའི་འདྲེས་མཚམས་ལས་གྲུབ་པའི་མཐོ་སྒང་གི་བཞུར་ཆུ་རང་བཞིན་གྱི་བརླན་ས་ཡིན། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི6973ཟིན་ཞིང་ཆུ་ངོས་ས་བབ་སྨི2900ལྷག་ཡིན། བརླན་ས་སྤྱི་གླིང་དུ་ཆུ་བོ་ཕུན་སུམ་ཚོགས་ཤིང་སྐྱེ་དངོས་སྣ་མང་ཡོད་པ། རི་སྐྱེས་སྐྱེ་དངོས་རིགས500ལྷག་དང་རི་སྐྱེས་སྲོག་ཆགས་རིགས200ལྷག་ཁྱབ་ཡོད།
སྔོན་ཆད། མི་དང་རང་བྱུང་གི་ཤུགས་རྐྱེན་ཐེབས་པས། གནས་དེའི་སྔོ་ཁེབས་ཇེ་ཉུང་དུ་ཕྱིན་པ་དང་བྱེ་འགྱུར་ཚབས་ཆེན་ཡིན་པས་ས་གནས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་བཀག་འགོག་ཆེན་པོ་ཐེབས་པ་རེད། ཡིན་ཡང་ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་རྒྱལ་ཁབ་བརླན་ས་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ལག་བསྟར་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། སྔོན་ཆད་ཀྱི་མྱ་ངན་ཐང་དུ་ད་ལྟ་ལྗང་མདོག་གི་སྡོང་བོ་དང་ཆུ་ཕྲན་གྱིས་ཁྱབ་པས“གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད”ཀྱི་སྐྱེ་ཁམས་མཛེས་བ་ཡོངས་སུ་མངོན་པ་རེད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།