སྒོ་མེ་ལམ།
ཚྭ་མཚོ།
དར་ལག་རྨ་ཆུ།
སེམས་ཉིད་ནགས་ཚལ།
པདྨ།
སྔོ་རྒྱ་འགག་ཆུ་མཛོད།
ཟི་ལིང་པེ་ཁྲོན་འདར་ར་སྤྱི་གླིང་།
ཅིན་ཙི་མཚོ།
དམར་ཆུ།
མིན་ཡོན།
གཉེན་པོ་གཡུ་རྩེ།
ཁྲའར་ཧན་ཚྭ་མཚོ།
རྫ་ཆུ།
མཚོ་ནུབ་ཀྱིUདབྱིབས་གཞུང་ལམ།
ཚྭ་ཁའི་ཚྭ་མཚོ།
རི་བོ་དང་ཆུ་བོའི་ཡོངས་སུ་བརྒྱན་པ།
རི་སྔོ་ཆུ་དྭངས། མཁའ་དབྱིངས་སུ་སྤྲིན་དཀར་གྱིས་ཁེངས་པ། རི་ཕྲེང་སྟེར་གྱིས་སྒྲིག་པ། རྨ་འབྲི་རྫ་གསུམ་ཤར་དུ་རྒྱུག་པ། བྱ་དངོས་ཡོད་ཚད་ཀྱི་སྐྱེ་སྟོབས་དཔལ་གྱིས་འབར་བའི་གནས་འདི་ནི་གཙང་གསུམ་འབྱུང་ཁུངས། ཀྲུང་ཧྭའི་ཆུ་ལྕོག རབ་མཛེས་མཚོ་སྔོན་ཡིན།
རབ་མཛེས་མཚོ་སྔོན་དུ་འབྲི་ཆུ་དང་རྨ་ཆུ། རི་རྒྱུད། མཚེའུ་སོགས་ཀྱིས་མཛེས་སྡུག་ལྟ་ན་མངོན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་གནས་མཆོག་ཅིག་ཡིན།
མཚོ་སྔོན་པོ། ཚྭ་ཁའི་ཚྭ་མཚོ། མདོ་ལའི་རྩྭ་ཐང་ཆེན་པོ་བཅས་ཀྱིས་མཚོ་སྔོན་གྱི་མཛེས་སྡུག་རབ་ཏུ་མངོན་ཏེ། མིང་གྲགས་ས་གཞིར་ཡོངས་སུ་ཁྱབ་ཡོད།
འདྲ་པར་དང་བརྙན་མིག་རེ་རེ་བཞིན་དྲ་ཐོག་ནས་མུ་མཐུད་དུ་བརྒྱུད་བསྒྲགས་བྱས་པས་བསྔགས་བརྗོད་གྲངས་མེད་ཐོབ་ཡོད། མཚོ་སྔོན་གྱི་མིང་བྱང་དེ་དག་ལ“མཐོ་སྒང་གི་ཕ་ལམ་སྔོན་པོ”དང“ནམ་མཁའི་མེ་ལོང”“ཤར་ཕྱོགས་སུའེ་ཙེར”སོགས་ཀྱི་མིང་ཐོབ་ཡོད་པས། མི་རྣམས་ངེས་པར་དུ་འགྲོ་དགོས་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད།
རི་ཆུ་མཛེས་སྡུག་ལྡན་པ་དང་སྐྱེ་ཁམས་འཆམ་མཐུན་ཡིན།
འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་མཚོ་སྔོན་གྱིས་འབྱུང་ཁུངས་ཀྱི་འགན་འཁྲི་དང་གཙོ་རྒྱུན་གྱི་འགན་འཁྲི་ཏན་ཏིག་གིས་འཁུར་ནས། བློ་གྲོས་དང་སྟོབས་ཤུགས། དཀའ་སྤྱད་དང་རྔུལ་ཆུ་བཅས་ལ་བརྟེན་ནས་གཙང་པོ་ཤར་ཕྱོགས་སུ་བཞུར་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། ཕྱོགས་གཅིག་གི་སྐྱེ་ཁམས་ཀྱིས་དམངས་འཚོ་དང་བུ་རབས་ཚ་རྒྱུད་ལ་ཕན་འབྲས་ཐོབ་པར་འགན་ལེན་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།