བོད་ལྗོངས་སྙན་རོང་རྫོང་གི་འབྲོག་ཁུལ་གྱི་མཐོང་ཐོས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནི་བོད་བྱང་རྒྱུད་མཐོ་སྒང་ལྟེ་གནས་སུ་ཆགས་ཤིང་། དེ་ནི་བོད་ལྗོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་རྫོང་གི་གྲས་ཤིག་ཡིན། དབྱར་ཟླ་ལྔ་བའི་བོད་བྱང་རྒྱུད་དུ་བསྐྱོད་ཚེ་རྩྭ་ཐང་གི་འབྲོག་མིའི་ནུས་རྩལ་འགྲན་བསྡུར་ཆེན་མོ་ཞིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། འགྲན་ཞུགས་འབྲོག་མི310ལྷག་བོད་ཀྱི་འཚེམ་བཟོ་དང་ཀོ་བ་བཟོ་བ། ལྡུག་འཁོར་བེད་སྤྱོད་དོགས་ཀྱི་སྲོལ་རྒྱུན11། ནུས་རྩལ་རྣམ་གྲངས་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་སོ་སོའི་སྔོན་གྱི་ཨང་གསུམ་པོར་གྲོང་ཁྱེར་རིམ་པའི་རྟིང་རྩོད་ནང་ཞུགས་ཆོག

སྙན་རོང་རྫོང་གི་འབྲོག་ས་ཞིག

སྙན་རོང་རྫོང་གི་རྩྭ་ཕྱུགས་སྐྱེ་ཁམས་དོ་མཉམ་རྒྱ་ཁྱོན་མུའུ་ཁྲི2310ཟིན་པས་ཕྱུགས་ཟོག་མགོ་གྲངས་ཁྲི30ལྷག་གསོ་སྤེལ་བྱས་ཆོག ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། སྙན་རོང་རྫོང་གིས“ཁེ་ལས+མཉམ་ལས་ཁང+འབྲོག་ཁྱིམ”གྱི་དཔེ་དབྱིབས་ཀྱིས་གྲོང་རྡལ10རུ་གྲོང་ཚོ་རིམ་པའི་འབྲོག་ལས་མཉམ་ལས་ཁང120བཙུགས། གཅིག་གྱུར་ཕྱུགས་འཚོ་བའི་བདག་གཉེར་དཔེ་དབྱིབས་འོག་ཏུ་མང་ཚོགས་མང་པོ་སྲོལ་རྒྱུན་གྱི་ཕྱུགས་ལས་ནས་ཐར་ཏེ་ནུས་རྩལ་སྣ་ཚོགས་སློབ་ནས་ཐབས་ལམ་མང་པོའི་འབབ་འཕར་མངོན་འགྱུར་བྱུང་།

“ང་ཚོས་ལོ་རེར་ཇ་མ་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་རོང་འབྲོག་པའི་ནུས་རྩལ་གོས་སྦྱོང་སྤེལ་བཞིན་ཡོད། མིག་སྔར་རྫོང་ཡོངས་ཀྱི་མང་ཚོགས་ནང་རྐོ་འདྲུའི་འཕྲུལ་འཁོར་འཛིན་ཡིག་ཡོད་པའི་མི180ཡོད་པ་དང་། ལྡུག་འཁོར་གྱི་འཛིན་ཡིག་ཡོད་པའི་མི150ཡོད། ཀྲུང་ལུགས་གཡོས་སྦྱོར་དམའ་རིམ་ཐོབ་ཐང་དཔང་ཡིག་ཡོད་པའི་མི117ཡོད”ཅེས་སྙན་རོང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ལས་བྱེད་པ་ཕུན་ཚོགས་ཀྱིས་གསར་གསོད་པར་དེ་ལྟར་བཤད། མང་ཚོགས་ལ་ནུས་རྩལ་ལྡན་པས་འབྲོག་ཁུལ་ལྡང་ལྷག་ངལ་ནུས་སྤོ་སྒྱུར་ལས་ཞུགས་ཚད25%ཟིན་པ་རེད།

རོང་འབྲོག་མང་ཚོགས་རྐོ་འདྲུའི་འཕྲུལ་འཁོར་སྐོར་བའི་འགྲན་བསྡུར་ནང་ཞུགས་པ།

ཕུན་ཚོགས་ཀྱིས་ངོ་སྤྲོད་ལྟར་ན། 2022ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱིས་ལོ་རེར་གྲོང་ཁྱེར་ཡོངས་ནས“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད”ཅེས་པའི་བྱ་འགུལ་ཐེག་བྱེད་བྱས་ནས་ཕྱོགས་བཞི་ཡི་འགྲན་བསྡུར་རིགས29སྤེལ་ཏེ་གྲོང་ཚོ་དང་གྲོང་རྡལ། རྫོང་ཁུལ་ནས་གྲོང་ཁྱེར་བཅས་རིམ་པ་སོ་སོར་མང་ཚོགས་མཉམ་ཞུགས་འགྲན་བསྡུར་སྤེལ་བས། སྤྱི་ཚོགས་ཡོངས་སུ་སློབ་འགྲན་ཚད་བརྒལ་གྱི་ཁོར་ཡུག་བསྐྲུན། “མང་ཚོགས་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱུད་འཛིན་བྱས་པ་མ་ཟད། ནུས་རྩལ་གསར་བ་སློབ་པས་མི་རྣམས་ཀྱི་བསམ་བློ་བཅིངས་འགྲོལ་ཐོབ་པ་དང་། འཕེལ་རྒྱས་བསམ་བློ་ཡང་རྒྱ་བསྐྱེད་པ་རེད”ཟེར།

ད་ལྟ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འདུ་ཤེས་གནས་དེ་ནས་རྩ་བ་རྒྱས་པ་དང་། ཉི་མ་ཤང་གཡུ་མཆོག་གྲོང་ཚོའི་གྲོང་མི་མགོན་པོ་ཚེ་རིང་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་རྐོ་འདྲུའི་འཕྲུལ་འཁོར་དང་གཡོས་སྦྱོར་ནུས་རྩལ་གསོ་སྦྱོང་ནང་ཞུགས་མྱོང་། ཁོས་གསར་འགོད་པར་ད་ལྟ་ཁོ་ནི་ཁྱིམ་གྱི་ཇ་མ་གཙོ་བོ་ཡིན་ཞིང་། རྒྱུན་དུ་ཁྱིམ་མི་ཚོར་ཁ་ཟས་གཡོས་སྦྱོར་བྱེད་པ་དང་སྐབས་རེར་རྒྱ་ཁོག་ལས་ནས་ཁྱིམ་མིའི་དགའ་བ་དང་བསྟུན་པ་ཡིན་ཟེར། ཡང་ཁོས“ངས་གྲོགས་པོ་དང་གྲོས་བྱས་ནས། ད་ལོའི་རྐོ་འདྲུའི་འཕྲུལ་འཁོར་འགྲན་བསྡུར་ནང་དགའ་རྟགས་བླངས་ན་དབྱར་ཁ་ལྷ་ས་ཞོར་ལས་བྱེད་དུ་འགྲོ”ཟེར།

ལོ56ཡིན་པའི་བེ་གཞུང་ཤང་གོང་ཆེན་མ་གྲོང་ཚོའི་གྲོང་མི་ཉི་མ་ཚེ་རིང་གིས་ཆུང་དུས་ནས་རང་གི་ཕ་དང་མཉམ་སུ་འབྲོག་ཁུལ་གྱི་བོད་ལྭ་བཟོ་བའི་ལག་རྩལ་སློབ་པ་དང་། 2020ལོའི་ལོ་མགོ་ཁོས་སྲིད་གཞུང་ཉེ་ས་ནས་བོད་ལྭ་བཟོ་ཁང་ཞིག་འབྱེད་པ་དང་། གཙོ་བོ་བོད་ལྭ་དང་བོད་ལྷམ། ཀོ་བའི་ཅ་ལག་བཟོ་བས་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི8ལྷག་ཟིན་པས་འབྲོག་ལས་གཉེར་བ་ལས་མང་། ཁོས“ང་ལོ་རེ་རེར་འགྲན་བསྡུར་ནང་ཞུགས་བཞིན་ཡོད། རེ་བ་ཡིན་ན་མི་སྔར་ལས་མང་བ་སྲོལ་རྒྱུན་ལག་རྩལ་འདི་དགའ་བ་དེ་ཡིན”ཟེར།

གྲོང་མི་ཉི་མ་ཚེ་རིང་གིས་རང་གི་བཟོས་པའི་བོད་ལྭ་སྟོན་བཞིན་པ།

མང་ཚོགས་རྒྱུན་མཐུད་ངང་འབབ་འཕར་ཡོང་བ་དང་ཆབས་ཅིག་ཏུ་རབ་མཛེས་གྲོང་ཚོ་ཡང་འཛུགས་སྐྲུན་བྱེད་བཞིན་ཡོད། ཉི་མ་ཤང་དུག་ལུང་གྲོང་ཚོ་རུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་གྲལ་འགྲིག་པའི་འོད་ནུས་ཁང་ཀླད་དང་གཙང་སྦྲ་ཡག་པའི་གྲོང་ཚོའི་གཞུང་ལམ་མཐའ་འཁོར་ཡིན། 2023ལོའི་ཟླ6པར་རྒྱལ་ཁབ་ནུས་ཁུངས་ཚོགས་པ་བོད་སྐྱོར་ལས་དོན་རུ་ཁག་གིས་དུག་ལུང་གྲོང་ཚོ་ནས“ཐཱན་མེད”རབ་མཛེས་གྲོང་ཚོའི་འོད་ནུས་དྲོད་འདོན་ཚོད་ལྟ་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ནས། འབྲོག་ཁྱིམ40བོད་ལུགས་སྡོད་ཁང་གི་ཁང་ཀླད་དུ་འོད་ནུས་པང་ལེབ་བཏིང་ཞིང་། ཉི་མའི་འོད་ལ་བརྟེན་ནས་དྲོད་འདོན་པས་ས་གནས་མང་ཚོགས་གཙང་མ་དང་ནུས་མཐོའི་དེང་རབས་ཅན་གྱི་དྲོད་འདོན་འཚོ་བ་ནང་ཞུགས་པ་རེད།

ཉི་མ་ཤང་གི་ཤང་ཀྲང་ཚའོ་ལིན་གྱིས། “གྲོང་ཚོ་རིམ་པའི་མཉམ་ལས་ཁང་དང་མཉམ་འབྲེལ་ཚོང་གཉེར་བརྒྱུད། ཕྱུགས་ཟོག་དང་ཕྱུགས་ལས་ཐོན་རྫས་རིན་གོང་མཐོ་རུ་ཕྱིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་དུས་མཉམ་ལས10%འཕར་ནས། ལོ་རེར་ཁྱིམ་ཚང་རེེར་ཆ་སྙོམས་ཁེ་བཟང་སྒོར་ཁྲི2བགོ་ཐུབ”ཟེར།

སྙན་རོང་རྫོང་གི་རྫོང་དཔོན་ཕྱུག་ལོ་ཚེ་རིང་གིས། ད་ལྟ་སྙན་རོང་རྫོང་གི་ཤང་དང་གྲོང་ཚོ་རེ་རེའི་མཉམ་འབྲེལ་ཚོང་གཉེར་དཔེ་དབྱིབས་མི་གཅིག་པ་མ་ཟད། གྲོང་གསེབ་འཛུགས་སྐྲུན་དང་མང་ཚོགས་ཀྱི་འཚོ་བ་སོགས་ཀྱི་གནས་ཚུལ་ལའང་ཁྱད་པར་ཡོད། གྲོང་གསེབ་དར་སྤེལ་ལས་དོན་སོ་སོ་མུ་མཐུད་དུ་གཏིང་ཟབ་བཏང་པ་བརྒྱུད་དེ་བོད་བྱང་རྒྱུད་མཐོ་སྒང་འབྲོག་ལས་རྫོང་འདིས་འཕེལ་རྒྱས་གསོན་ཤུགས་གསར་བ་འདོན་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།