བོད་ལྗོངས་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་ས་སྤྱོད་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་ལྷ་ས་ནས་བསྡུས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

བྱ་འགུལ་ཡུལ་དངོས།

ཚེས15ཉིན། ས་ཞིང་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་འགན་ལེན་ལས་དོན་གང་ལེགས་སྒྲུབ་ཆེད། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་ས་སྤྱོད་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་ལྷ་ས་ནས་བསྡུས།

བྱ་འགུལ་ཡུལ་དངོས།

གསོ་སྦྱོང་ཚོགས་འདུ་ཐོག་ས་ཞིང་སྲུང་སྐྱོང་དང་ས་ཞིང་རྒྱུ་རྐྱེན་གཙོ་བོ་འགན་ལེན། ས་ཞིང་རིགས་ཀྱི་རྟོག་ཞིབ་གཏན་ཁེལ། ཉེ་བའི་ལོ་ཤས་རིང་གི་ལྟ་ཞིབ་གནད་དོན་སོགས་ལ་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བརྒྱབ་པ་མ་ཟད། བོད་ལྗོངས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཡུལ་དངོས་སུ་བརྗེ་རེས་བྱས།

བྱ་འགུལ་ཡུལ་དངོས།

བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་དབྱང་ཨན་ཝུན་གྱིས། “ཐེངས་འདིའི་གསོ་སྦྱོང་བརྒྱུད། ས་ཆ་སོ་སོའི་འབྲེལ་ཡོད་སྡེ་ཚན་གྱི་ཁྲིམས་ལྟར་ས་ཞིང་སྤྱོད་པ་དང་ས་ཞིང་བདག་སྐྱོང་འདུ་ཤེས་མཐོ་རུ་འགྲོ་བཅུག་སྟེ། གནས་བབ་བོད་ལྗོངས་ཀྱི་ས་ཞིང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལས་དོན་གྱི་རྣམ་པ་དང་འགན་ཁུར་གསར་བ་རྟོགས་ནས། ཐོན་ཁུངས་བདེ་འཇགས་རྨང་ཐིག་སྲུང་ནས་གྲོན་ཆུང་ངང་ས་ཞིང་སྤྱོད་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་སྤྱི་ཚོགས་ཤེས་རྟོགས་ཚད་མཐོ་རུ་བཏང་ནས། འབྲེལ་ཡོད་རྒྱབ་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་དེ་སྲིད་ཇུས་ཁེ་བཟང་འཕེལ་རྒྱས་འགུལ་ནུས་ལ་སྒྱུར་ཞིང་། དེ་དང་ཆབས་ཅིག་ཏུ་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་མགོ་ཁྲིད་པའི་ལས་སྒོ་ནུས་བ་མཐོ་རུ་བཏང་ནས། ས་སྤྱོད་ཞིབ་བཤེར་ཚད་མཐོ་རུ་གཏོང་ཞིང་ནུས་མཐོ་དང་གནད་ཁེལ་གྱིས་ས་ཞིང་མཁོ་འདོན་བྱས་ཏེ་ས་ཞིང་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་འགན་ལེན་ནུས་བ་གང་ལེགས་འདོན་དགོས”ཟེར། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།