བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་རིགས་པར་མིག་ནང་མངོན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསའ།

གནའ་བ།

དྲེད་མོང་།

སྤྱང་གི

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་ཇེ་མང་དུ་སོང་ནས་རི་སྐྱེས་སྲོག་ཆགས་ལ་ལ་སྲུང་སྐྱོང་ཁུལ་ནས་ཕྱིར་བུད་དེ་འཚོ་སྡོད་ཁུལ་དུ་ཐོན་པ་རེད། 

ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྤང་མདའ་གྲོང་ཚོ་རུ་གྲོང་མི་ཞིག་གིས་བྲག་རྡོ་སྟེང་དུ་ངལ་གསོ་བཞིན་པའི་དྲེད་མོང་ཞིག་བརྙན་བླངས་ནས་དྲ་ཐོག་ཏུ་བཞག་པ་ན་དྲ་གྲོགས་ཚོའི་དཔྱད་དཔག་དང་དགའ་བསུ་ཐོབ།

གྲོང་ཁྱེར་ཅན་གྱི་འཕེལ་རིམ་མགྱོགས་མྱུར་ཕྱིན་པ་དང་བརྒྱུད། མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། དེ་དག་དང་མཉམ་དུ་འཚོ་བའི་ཐབས་ལམ་བཟང་བོ་ཞིག་འཚོལ་དགོས། ད་ལོ་ནི་རི་ཆུ་རང་བྱུང་ལྟེ་གནས་ཀྱི་གསའ་ཞིབ་བཤེར་བྱེད་པའི་ལས་གཞིའི་ལས་དོན་མི་སྣ་ཅང་ནན་གྱིས་རི་སྐྱེས་སྲོག་ཆགས་ལ་ཞིབ་འཇུག་བྱས་པའི་ལོ་ལྔ་བ་ཡིན་ཞིང་། ཁོས“ལས་ཞུགས་བྱེད་དུས་གསའ་ལ་སྲུང་སྐྱོང་བྱེད་མགོ་བརྩམས་པས་དེས་ང་རང་རི་སྐྱེས་སྲོག་ཆགས་དང་ཉེ་བར་བཅར་བའི་གོ་སྐབས་བྱུང་། ཐེངས་རེར་སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་སྐབས་ཕྱི་རོལ་གྱི་གནམ་གཤིས་ངན་པའི་ཁྲོད་དུའང་དགའ་སྤྲོ་ལྡན་པ་ཞིག་ཡིན། རྒྱུ་མཚན་ནི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་གྲུབ་འབྲས་ཚོར་སྣང་དེ་གཞན་གང་ཞིག་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཡིན”ཟེར།

“གསའ་མ་གཏོགས། ང་ཚོས་ད་དུང་འཕར་བ་དང་རྐྱང་ཁྱུ། འབྲོང་། གླ་བ། ཤྭ་སྐྱ། གནའ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་པར་བླངས་པ་ཡིན”ཞེས་ཅང་ནན་གྱིས་བཤད།

ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་གྱི་སྐྱེ་ཁམས་མངོན་གསལ་འགྱུར་ལྡོག་བྱུང་བ་བརྒྱུད། གྲོང་ཁྱེར་གྱི་ལྗང་ས་དང་སྤྱི་གླིང་གི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། གཞིས་ཁུལ་མང་པོར་སྔོ་ཁེབས་སྟུག་པོ་ཡིན་པ་དང་། རྫིང་བུ་ནང་དུ་ཆུས་ཁེངས་བས་རི་སྐྱེས་སྲོག་ཆགས་མང་པོ་ཡང“གྲོང་མི”རུ་འགྱུར་བའི་གོ་སྐབས་སྐྲུན། ཅང་ནན་གྱིས་མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་གཏིང་ཟབ་འགྲོ་བཞིན་པ་མཐོང་། ཉིན་ཤས་སྔོན། མོ་དང་ས་གནས་མངག་གཏོང་ཁང་ལ་རོགས་སྐྱོབ་ཞུ་བའི་གནས་ཚུལ་ཞིག་འབྱོར་ནས། གྲོང་མི་ཞིག་གིས་དྲེད་མོང་ཞིག་གྲོང་མིའི་ཉེ་འགྲམ་ན་ཡོད་པ་མཐོང་། མོས་ཕྱོགས་གཅིག་ནས་གྲོང་མི་ལ་སེམས་གསོ་བྱེད་པ་དང་ཕྱོགས་གཅིག་ནས་ཡུལ་དངོས་སུ་བསྐྱོད། ཡུལ་དངོས་སུ་ཐོན་དུས་ཅང་ནན་གྱིས་གྲོང་མི་བཅུ་ཕྲག་ལྷག་གིས་ཐག་རིང་ས་ནས་སྒུག་ནས་བསྡད་པ་ལས་དྲེད་མོང་ལ་གནོད་པ་སྐྱེལ་མཁན་གཅིག་ཀྱང་མི་བྱུང་།

ཅན་ནན་གྱིས“དུས་ཚོད་ནམ་ཞིག་དང་ས་གནས་གང་ཞིག་ཡིན་རུང་། རི་སྐྱེས་སྲོག་ཆགས་དང་འཕྲད་དུས་ཉེ་སར་བཅར་མི་རུང་ལ་གནོད་ཀྱང་སྐྱེལ་མི་རུང་། ཟ་མ་ཡང་སྟེར་མི་རུང་པར་མྱུར་དུ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་དགོས”ཞེས་གྲོང་མི་ཚོར་བཤད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།