བོད་ཀྱི་ཡི་གེའི་གཟུགས། སྒྱུ་རྩལ་སྟོང་གིས་བརྒྱན།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན

སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་རེད། ཉིན་མོ་འདི་གཟབ་རྒྱས་ངང་བསུ་མ་བྱེད་ཆེད་ཁམས་པའི་བརྙན་འཕྲིན་ཁང་དང་། པདྨ་གསེར་བྲིས་གླིང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཐོག་རྒྱལ་ཡོངས་ས་གནས་སོ་སོ་ནས་ཡིག་གཟུགས་བརྩམས་ཆོས་༡༦༧༢འབྱོར། དེ་ལས་དམིགས་བསལ་ཞུ་དགོས་པ་ཞིག་ནི་མིང་དུ་གྲགས་པའི་བྲིས་པ་རྒན་པ་ཁག་གཅིག་གིས་ཀྱང་རྒྱབ་སྐྱོར་ཚུལ་དུ་ཐེངས་འདིའི་འགྲན་སྡུར་ལ་བརྩམས་ཆོས་བསྐུར་འདུག དཔྱད་བསྐོས་དགེ་རྒན་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་དགེ་རྒན་རྒན་པ་ཁག་གི་བརྩམས་ཆོས་དེ་ཐེངས་འདིའི་འགྲན་སྡུར་བརྩམས་ཆོས་སུ་མ་བཞག་པར་ཟུར་དུ་འགྲེམ་སྤེལ་དང་།གཟེངས་བསྟོད་བྱེད་རྒྱུ་ཡིན། དེ་རིང་ནས་དྲ་ཐོག་ཏུ་བྲིས་པ་རྒན་པ་ཁག་གཅིག་གི་བརྩམས་ཆོས་འགྲེམ་གཏོང་བྱེད་རྒྱུ་ཡིན་པས་ཁྱེད་ཀྱིས་དགྱེས་གཟིགས་གནང་བར་ཞུའོ། །

རྒན་ཚེ་བརྟན་རྡོ་རྗེའི་ཕྱག་བྲིས། 

རྒན་གངས་དཔལ་གྱི་ཕྱག་བྲིས།

རྒན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ཕྱག་བྲིས།

རྒན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ཕྱག་བྲིས། 

རྒནརྒྱལ་དགའ་ཡི་ཕྱག་བྲིས།

རྒན་བློ་བཟང་པདྨ་ཡི་ཕྱག་བྲིས།

རྒནཚེ་རིང་དབང་རྒྱལ་གྱི་ཕྱག་བྲིས།

རྒན་ཀརྨ་འཕྲིན་ལས་ཀྱི་ཕྱག་བྲིས།

རྒན་ཟླ་བ་ཚེ་རིང་གི་ཕྱག་བྲིས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།