མཛེས་སྡུག་ཡུལ་ལྗོངས་ཀྱིས་བོད་ལྗོངས་ཀྱི་སྐྱེ་ཁམས་མཚོན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

བར་སྣང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི“ས་གཞིའི་སྡོང་རྒན”གྱི་མཛེས་ལྗོངས།

 ཟླ4བའི་ཚེས22ཉིན་ནི“འཛམ་གླིང་གི་སའི་གོ་ལའི་ཉིན་མོ”ཐེངས55པ་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ཡོངས་ཀྱིས་ཕྱོགས་ཡོངས་ནས་རབ་མཛེས་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པ་དང་། ནུས་ཤུགས་ཡོད་ཚད་བཏོན་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བླངས་པས། མཐོ་སྒང་གི་གང་སར་རི་སྔོ་ཆུ་དྭངས་ཀྱིས་ཕན་ཚུན་བརྒྱན་པ་དང་། གསེར་རུ་དངུལ་རིའི་བདེ་སྐྱིད་ཀྱི་རབ་མཛེས་རི་མོ་གྲུབ། ། 

མཐོ་སྒང་གི་གཙོད་ཁྱུ།

གསའ།

བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག

བར་སྣང་ནས་བླངས་པའི་རི་ཐོག་དགོན།

བར་སྣང་ནས་པར་བླངས་པའི་བོད་ལྗོངས་ལྷོ་ཁའི་འཕྱོངས་རྒྱས་ཞིང་ས།

བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་མཚོ་ཞིག

བར་སྣང་ནས་པར་བླངས་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་ཀྱི་གངས་རི་ཞིག

བོད་ལྗོངས་ཀྱི་ར་ཁྱུས་རྩྭ་ཟ་བ།

བོད་ལྗོངས་ཉིང་ཁྲིའི་སྤོ་མེས་འཁྱགས་རོམ།

བོད་ལྗོངས་ཉིང་ཁྲིའི་མེ་ཏོག་རྫོང་ཁོངས་ཀྱི་གོར་གོར་ཐང་ལམ་འགུག་ཆེན་པོ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།