གནམ་ལྕགས་འབར་བའི་རི་འདབས་ཀྱི་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟུར་གསུམ་གྲོང་ཚོ་ཉེ་འཁོར་ནས་པར་བླངས་པའི་ཁམ་བུའི་མེ་ཏོག

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཟུར་གསུམ་གྲོང་ཚོ་ནི་གནམ་ལྕགས་འབར་བའི་མཛེས་ལྗོངས་ལ་གཟིགས་པའི་གནས་མཆོག་གྲས་ཤིག་ཡིན། འདི་ནས་གནམ་ལྕགས་འབར་བའི་ཕྱོགས་སུ་གཟིགས་དུས་རྐང་འདབས་ནི་ཀྱག་ཀྱོག་གི་ཡར་ཀླུང་གཙང་བོ་ཡིན། ཉིང་ཁྲིའི་སྐབས་ཉེར་གཅིག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་རིང་། ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཀྱི་ཁམ་བུའི་མེ་ཏོག་རིམ་བཞིན་བཞད་དེ་གངས་རི་དང་གཙང་བོ་ཕན་ཚུན་བརྒྱན་པས། ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཀྱིས་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་ཁམ་བུའི་མེ་ཏོག་ལ་གཟིགས་སུ་ཡོང་བར་བསུས། །

ཡུལ་སྐོར་པ་ཟུར་གསུམ་གྲོང་ཚོ་ཉེ་འགྲམ་གྱི་ཁམ་བུའི་མེ་ཏོག་སྡོང་ར་རུ་ཡོད་པ།

ཟུར་གསུམ་གྲོང་ཚོ་ཉེ་འགྲམ་གྱི་གནམ་ལྕགས་འབར་བ་རི་བོ།

ཡུལ་སྐོར་པས་གནམ་ལྕགས་འབར་བའི་འདབས་སུ་པར་རྒྱག་བཞིན་པ།

ཟུར་གསུམ་གྲོང་ཚོ་ཉེ་འཁོར་ནས་པར་བླངས་པའི་གནམ་ལྕགས་འབར་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།