ཉིང་ཁྲིའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད། ཡུལ་གྲུ་ཀུན་གྱི་མགྲོན་པོ་དེ་རུ་ཕེབས།

ཡོང་ཁུངས། མི་དམངས་དྲ་བ།

དཔྱིད་ཀར་དུས་ཆད་བཟོས། མེ་ཏོག་དུས་ལྟར་བཞད།  དཔྱིད་ཀ་ས་མཐོར་སླེབས་པ་ན། ཁམ་བུའི་མེ་ཏོག་ཡིད་དུ་འོང་། ལྗོན་ཤིང་ཁ་དོག་ཟིང་སྐྱའི་ཁྲོད། དགུང་སྔོན་སྤྲིན་གྱི་ངོ་མཚར་དང་། གངས་རིའི་དཔལ་གྱི་ངོ་མཚར་ཀུན། བཀྲག་མདངས་འཚེར་བ་མིག་གི་བརྒྱན། ཁམ་སྡོང་ནགས་ཀྱི་ཚལ་དུ་འགྲུལ་པས་ཁེངས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མེ་ཏོག་གི་རིགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།