འདི་ནི་ཟླ2པའི་ཚེས24ཉིན་པར་བླངས་པའི་བླ་བྲང་དགོན་གྱིས་མེ་ཏོག་མཆོད་པ་བཤམས་པའི་ཡུལ་དངོས་རེད།
ཟླ2པའི་ཚེས24ཉིན་ནི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཡིན་པ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི“ཀྲུང་གོའི་གནས་མཆོག་བླ་བྲང་། འཛམ་གླིང་རིག་པའི་གཙུག་རྒྱན”ཞེས་འབོད་པའི་བླ་བྲང་དགོན་པས་ལོ་རེའི་ཐེངས་གཅིག་གི་མེ་ཏོག་མཆོད་པ་བཤམས། དགེ་འདུན་པ་ཚོའི་ལག་ཟུང་ལས་འཁྲུངས་པའི་མཛེས་སྡུག་ཡིད་འོང་གི་མེ་ཏོག་མཆོད་པས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཀུན་གྱི་ཡིད་དབང་དང་མིག་དབང་ཅིག་ཅར་དུ་འཕྲོག་སྟེ་ཀུན་གྱི་བསྟོད་བསྔགས་གྲངས་མེད་ཐོབ། །