སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཡར་ཀླུང་གཙང་པོའི་འགྲམ་དུ་བྲག་བརྐོས་ཤིག་རྙེད།

ཡོང་ཁུངས། མི་དམངས་དྲ་བ།

   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ལྟེ་གནས་དང་གྲོང་ཁྱེར་རིག་དངོས་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད། དེ་ནི་མིང་རྒྱལ་རབས་ཡུང་ལོ་ཁྲི་ལོའི་སྐབས་ཀྱི་བྲག་བརྐོས་ཡིན་པ་གཏན་འཁེལ་བྱས་པ་དང་། བྲག་བརྐོས་དེར་ལོ་རྒྱུས་ཞིབ་འཇུག་དང་སྒྱུ་རྩལ་དཔྱད་གཞིའི་ཐད་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། རྫོང་དང་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཆ་རྐྱེན་འཛོམས་ཡོད།

   མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་རིག་དངོས་དེ་ལ་རིགས་པས་ཁུངས་སྐྱེལ་སྔར་བས་བྱས་ནས། དུས་ཚོད་དམ་འཛིན་གྱིས་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད། སྙེ་མོ་རྗོང་ཐོན་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཞུས་ཀང་གིས་རིགས་གཅིག་མཁས་ཅན་གྱི་བསམ་འཆར་གཞིར་བཟུང་ནས་སྲུང་སྐྱོབ་ལས་དོན་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།