པཎ་ཆེན་མཆོག་གིས་བོད་ལྗོངས་སུ་ཆོས་ཕྱོཊ་མཛད་འཕྲིན་བསྐྱངས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་གནང་གྲུབ་ཡོད། པཎ་ཆེན་མཆོག་ནས་ཆབ་མདོ་དང་ལྷ་སར་མཛད་འཕྲིན་ལེགས་པར་བསྐྱངས་གྲུབ་རྗེས། མེ་འཁོར་ལ་བཞུགས་ནས་གཞིས་རྩེར་ཕེབས་འབྱོར་གནང་བ་དང་། གཞིས་རྩེར་བཞུགས་རིང་། སྔ་རྗེས་སུ་ངམ་རིང་རྫོང་དང་། བཞད་མཐོང་སྨོན་རྫོང་། རིན་སྤུངས་རྫོང་། རྣམ་གླིང་རྫོང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་སོགས་སུ་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་གནང་ཡོད།

གཞིས་རྩེར་ཕེབས་འབྱོར་གནང་བ།

དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བཞིན་པ།

       གཞིས་རྩེར་བཞུགས་རིང་། པཎ་ཆེན་མཆོག་གིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་འཕོས་ནག་གྲོང་ཚོ་དང་། བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ། གཞིས་རྩེ་དངོས་མང་བཤམས་སྟོན་ཁང་། གཞིས་རྩེ་རྡོ་བརྐོས་སྒྱུ་རྩལ་རྟེན་མཛོད་ཁང་། གཞིས་རྩེ་གྲོང་ཁྱེར་ཇོ་རིའི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་སོགས་སུ་གཟིགས་ཞིབ་གནང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་ཁག་ཅིག་དང་བཞུགས་མོལ་གནང་ཐོག མི་རིགས་ཁག་གི་མང་ཚོགས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཤང་གྲོང་དར་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བཀའ་མངག་གནང་ཡོད།

རིན་སྤུངས་རྫོང་འཕོས་ནག་གྲོང་ཚོར་རྟོག་ཞིབ་གནང་བཞིན་པ།

ལྕང་ལོ་ཁང་གསར་སྡེ་ཁུལ་དུ་རྟོག་ཞིབ་གནང་བཞིན་པ།

གཞིས་རྩེ་དངོས་མང་བཤམས་སྟོན་ཁང་དུ་རྟོག་ཞིབ་གནང་བཞིན་པ།

       གཞིས་རྩེ་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཅེས་པའི་བཞུགས་མོལ་ཚོགས་འདུར་ཞུགས་གནང་སྐབས། པཎ་ཆེན་མཆོག་གིས་རྒྱ་ཆེའི་དགེ་འདུན་པ་རྣམ་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་བརྩི་ཞུ་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རང་ཉིད་ཀྱི་ཆབ་སྲིད་འདུ་ཤེས་དང་ཏང་གི་འདོད་ཚུལ་གཅིག་མཐུན་ཡོང་བ་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་བརྒྱུད་ནང་བསྟན་ཉིད་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁ་ཕྲལ་ལ་མཐའ་ཅིག་ཏུ་ངོ་རྒོལ་དང་རང་རྟོགས་ངང་ཁ་ཕྲལ་བྱ་སྤྱོད་དང་འཐབ་རྩོད་མཐར་ཕྱིན་པ་བྱས་ཏེ་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་གནང་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།