དངོས་བཤུས་གློག་བརྙན་ཐུང་གྲས《བདག་གི་རྟ་ཕོ》ལ་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་སྟེང་བརྩམས་ཆོས་ཡག་ཤོས་ཀྱི་བྱ་དགའ་ཐོབ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་ཆར། ཨེ་ཤ་ཡའི་ཁྱད་ཆོས་དང་ཀྲུང་གོའི་ཕུགས་འདུན། ལིན་ཚང་གི་བརྩེ་བ་ཞེས་པ་བརྗོད་བྱ་ཡིན་པའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་དུ་བསྡུས། མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུ་གློག་བརྙན་སྨྱན་སྦྱོར་ལས་སྒྲུབ་ཁང་གིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙནབདག་གི་རྟ་ཕོཞེས་པར་རྒྱལ་ཁབ་ཕྱི་ནང་ནས་འབྱོར་བའི་བརྩམས་ཆོས2874ཡི་ཁྲོད་ཆེད་མཁས་པས་དཔྱད་འདེམས་བྱས་པ་བརྒྱུད། བརྩམས་ཆོས848བདམས་ཐོན་བྱུང་ཞིང་། དེའི་ཁྲོད་བརྩམས་ཆོས་ཡག་ཤོས158དང་། ཕུལ་བྱུང་བརྩམས་ཆོས307། བརྩམས་ཆོས་བཟང་བོ383བཅས་བདམས་ཐོན་བྱུང་ལ། གློག་བརྙནབདག་གི་རྟ་ཕོལ་བརྩམས་ཆོས་ཡག་ཤོས་ཀྱི་བྱ་དགའ་ཐོབ། འདི་ནི་རེབ་འདིའི་མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐུང་གྲས་ལ་བྱ་དགའ་ཐོབ་པ་གཅིག་པུ་རེད།

མཛད་སྒོའི་སྟེང་ཨེ་ཤ་ཡ་ནས་ཐོན་པའི་མིང་གྲགས་ཆེ་བའི་འཁྲབ་ཁྲིད་པ་དང་སྒྱུ་རྩལ་པ། གློག་བརྙན་ལས་རིགས་ལ་མོས་པ་ཆེ་བའི་སྐུ་མགྲོན་རྣམས་ལིན་ཚང་གྲོང་ཁྱེར་དུ་མཉམ་འཛོམས་བྱས་ཏེ་ཨེ་ཤ་ཡའི་ཁྱད་ཆོས་དང་ཀྲུང་གོའི་ཕུགས་འདུན། ལིན་ཚང་གི་བརྩེ་བ་བརྗོད་བྱ་ཡིན་པའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་གྱི་བྱ་དགའི་སྤྲོ་ཚོགས་ལ་རོལ་ཞིང་། དགོང་ཚོགས་མཇུག་གྲོལ་རྗེས། རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། གློག་བརྙན་ཐུང་གྲས་གསར་རྩོམ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཆད་ཁྲིད་དང་ཞིབ་འཇུག་བཞུགས་མོལ་གྲོས་ཚོགས་བསྡུས་པ་མ་ཟད། ད་དུང་སློབ་ཆེན་སློབ་མའི་འཆད་ཁྲིད་བྱ་འགུལ་སྤེལ་ཞིང་། ལས་རིགས་གཅིག་པའི་མི་སྣ་གྲགས་ཅན་དང་ཆེད་མཁས་པ། སློབ་ཆེན་སློབ་མ་བཅས་གདན་འདྲེན་ཞུས་ཏེ་བསམ་བློ་བརྗེ་རེས་བྱས།

གཙོ་སྒྲུབ་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་སྐབས་རིམ་སྔོན་མ་དག་དང་བསྡུར་ན། བརྩམས་ཆོས་བསྡུ་རུབ་རྒྱལ་སྤྱིའི་ཅན་དང་། བརྩམས་ཆོས་སྤུས་ཀ་ཆེད་ལས་ཅན། བརྩམས་ཆོས་བྱ་འགུལ་ཐོན་ལས་ཅན་བཅས་ཀྱི་དགེ་མཚན་མངོན་ཡོད་པ་དང་། བརྩམས་ཆོས་ལ་ཁྱོན་བསྡོམས་བརྗོད་གཞིའི་སྡེ་ཚན་བཅུའི་ཁྱབ་ཁོངས་ལས་ཆེད་ལས་ལས་རིགས་ཀྱི་སྡེ་ཚན་གསུམ་དུ་དབྱེ་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཏོན་ནས་ལོ་འཁོར་བཅུ་ལོན་པ་དང་། ལང་ཚོའི་སྟོབས་ཤུགས་མངོན་པ།  གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་ཀྱི་བརྗོད་བྱ་གཙོ་བོ་གལ་ཆེན་དུ་བཟུང་ཡོད། 

རྒྱུས་ལོན་པ་ལྟར་ན།  2013ལོ་ནས་བཟུང་། ཀྲུང་གོའི་ཡུན་ནན་ལིན་ཚང་གྲོང་ཁྱེར་དུ་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་སྐབས་དགུ་བདེ་བླག་ངང་གཉེར་ཞིང་། སྐབས་འདི་དག་གི་རིང་ལ། འཛམ་གླིང་གི་ས་གནས་ཁག་ནས་འབྱོར་བའི་འགྲན་ཞུགས་བརྩམས་ཆོས31327བསྡུ་རུབ་བྱས་ཏེ། ཡུན་ནན་ལིན་ཚང་གྲོང་ཁྱེར་དུ་སྤེལ་བའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་ཀྲུང་གོའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དར་རྒྱས་དང་གོང་འཕེལ་གྱི་ཚད་གཞི་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་གོམ་འགྲོས་ནང་།  རྟའི་རིག་གནས་ནི་བཀྲ་ཤིས་ཤིང་ལྟས་ལེགས་པའི་རིན་ཐང་གཙོ་བོར་བྱེད་པ་དང་དེའི་ཁྲོད་སྨོན་འདུན་དང་གསོལ་འདེབས། གྲུབ་འབྲས་ཐོབ་པ་སོགས་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ཚུད་ཡོད། བདག་གི་རྟ་ཕོཞེས་པའི་དངོས་བཤུས་གློག་བརྙན་ལའང་གོང་གི་ཁྱད་ཆོས་དག་ལྡན་ཡོད།  

ཀྲུང་དབྱང་ཞིན་ཡུན་གློག་བརྙན་སྡེ་ཚོགས་ཀྱི་གློག་བརྙན་ཐུང་གྲས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲིན་ཙི་ཡིས་ལོ་ངོ་བཅུའི་ནང་དུ། ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་ཡ་གླིང་གི་གློག་བརྙན་ཐུང་གྲས་དུས་ཆེན་གྱི་རྩེ་མོར་སླེབས་ཡོད་ལ། མིག་སྔའི་བར་དུ། ཀྲུང་གོ་རུ་ཤུགས་རྐྱེན་ཆེ་ཤོས་དང་དབང་གྲགས་མཐོ་ཤོས། མཚན་སྙན་ལྡན་ཤོས་བཅས་ཀྱི་གདེང་འཇོག་བཟང་པོ་ཐོབ་པའི་གློག་བརྙན་ཆུང་གྲས་ཀྱི་བྱེད་སྒོ་ཞིག་ཡིན་པ་བསྟན།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།