ཀོང་པོའི་ལོ་གསར།

ཡོང་ཁུངས། མི་དམངས་དྲ་བ།
 

ཟླ་11ཚེས་14ཉིན་ནི་བོད་ཟླ་བཅུ་པའི་ཚེས་གཅིག་ཡིན་ལ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་ལོ་གསར་ཡང་རེད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་རོང་ཆེན་དུ་གནས་པའི་གནམ་ལྕགས་འབར་བའི་རི་འདབས་སུ་ཆགས་ཡོད། རང་ལོ་40ལ་སླེབས་པའི་ཚེ་རིང་དོན་གྲུབ་དང་རང་ལོ་38ལ་སླེབས་པའི་ལྷག་པ་སྒྲོལ་མའི་ཕ་ཡུལ་ཡང་དེ་གར་རེད། ཁོང་ཚོས་2013ལོ་ནས་བཟུང་། དམངས་གཉེར་སྡོད་ཁང་བཙུགས་པ་དང་ད་ཆ་ཁོང་ཚོའི་སྡོད་ཁང་50ལྷག་ཙམ་ཟིན་པ་དང་ལོ་ལྟར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཡོང་གི་ཡོད་པ་རེད། ཁྱིམ་ཚང་ཕྱུག་ཏུ་ཕྱིན་པ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། སྲོལ་རྒྱུན་གྱི་ཀོང་པོའི་ལོ་གསར་ནི་སྔར་བཞིན་ཁོང་ཚོའི་དུས་ཆེན་གལ་ཆེ་ཤོས་དེ་ཡིན་པ་དང་། ལོ་གསར་གྱི་མཛད་སྒོའི་ཐོག་འཁྲུག་ཆ་དོད་དུ་ཕྱིན་ཡོད།

 
 
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།