ཟླ11ཚེས1ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་གསལ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་སྲུང་སྐྱོབ་ལས་ཁུངས་ཀྱིས་ལས་འགན་ཁུར་སྒྲུབ་གྱི་གནས་ཚུལ་དང་། ལས་ཀ་སྙོམས་སྒྲིག་བྱས་ཚུལ་ལ་དཔྱད་ཞིབ་བྱས། སྲུང་སྐྱོབ་ལས་ཁུངས་ཀྱི་རང་བཤེར་དང་། ས་གནས་ཀྱི་ཞིབ་བཤེར་དཔྱད་དཔག རྒྱུན་འཛིན་པ་དག་གི་བསམ་འཆར་བསྡུ་ལེན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཞིབ་བཤེར་སོགས་བརྒྱུད། སྲུང་སྐྱོབ་ལས་ཁུངས2981དཔྱད་ཞིབ་ཀྱི་ཚད་གཞིར་སླེབས་ཡོད་པ་རེད།
གཞན་སྲུང་སྐྱོབ་ལས་ཁུངས་གཅིག་དཔྱད་ཞིབ་ཀྱི་ཚད་གཞི་ལ་སླེབས་མེད་པས། རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མ་དངུལ་སྙན་ཞུའི་ཐོབ་ཐང་གནས་སྐབས་ལོགས་སུ་བསྐྱུར་ནས་དུས་བཅད་ནང་དག་ཐེར་བྱ་རྒྱུ་དང་། སྲུང་སྐྱོབ་ལས་ཁུངས་གསུམ་གྱིས་འགན་ནན་མོ་ཁུར་མེད་པས། སྲུང་སྐྱོབ་ལས་ཁུངས་ཀྱི་ཐོབ་ཐང་བླངས་ཏེ་ཡང་བསྐྱར་ངོས་འཛིན་བྱ་རྒྱུ། སྲུང་སྐྱོབ་ལས་ཁུངས619ལ་ལས་ཁུངས་དང་སྒྲིག་གཞིའི་ངོ་བོ་སོགས་སུ་བསྒྱུར་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། སྲུང་སྐྱོབ་ལས་ཁུངས་ཀྱི་གཞི་རྩའི་ཆ་རྐྱེན་མི་ལྡན་པ་སོགས་གནད་དོན་ཡོད་པས། ཡང་སྐྱར་ངོས་འཛིན་བྱ་རྒྱུ་རེད། སྔོན་ཆད་སྟོང་བར་གྱུར་བའི་སྲུང་སྐྱོབ་ལས་ཁུངས་གསུམ་ངོས་འཛིན་གཏན་འཁེལ་བྱས་པ་དང་། སྙན་ཞུ་རྒྱག་མཁན་ས་ཁུལ་དང་ལས་ཁུངས12སྲུང་སྐྱོབ་ལས་ཁུངས་སུ་ངོས་འཛིན་གཏན་འཁེལ་བྱས་མེད་དོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།