གསེར་མདོག་གི་སྟག་རྩེ།

ཡོང་ཁུངས། བོད་ཀྱི་དྲ་བ།

གནམ་སྔོན་པོའི་འོག་གི་སྟག་རྩེའི་གསེར་མདོག་གི་རྫིང་བུའི་སྐྱེ་ཁམས་ལྗོངས་ཁུལ།

སྟོན་མཇུག་གི་ཞོགས་ཤང་ཞིང་ས།

སྟོན་ཁའི་ལུང་བ་ཞིག

ལྷ་ས་ནས་ཉིང་ཁྲི་བར་གྱི་གཞུང་ལམ་སྟེ་སྟག་རྩེའི་ལམ་དུམ།

ཁྲུང་ཁྲུང་སྐེ་ནག་པཱག་དཀར་ཞོལ་བརླན་ས་སྤྱི་གླིང་དུ་ཡོད་པ།

པད་ནག་གྲོང་ཚོའི་ཡུལ་ལྗོངས།

སྟག་རྩེ་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱི་ལྷོ་དབུས་རྒྱུད་དུ་གནས་ཤིང་མཛེས་སྡུག་གི་སྟོན་ལྗོངས་ལས་མིང་སུ་གྲགས་པ་ཡིན། ཟླ10བའི་སྟག་རྩེ་རུ་སྟོན་གྱི་རྣམ་པ་ཡོངས་སུ་ཤར་ཞིང་། རྒྱང་རིང་གི་རི་ཚོགས་དང་གསེར་མདོག་གི་ནགས་ཚལ་བཅས་ཀྱིས་ཐུན་མོང་མ་ཡིན་པའི་རི་མོ་ཞིག་གྲུབ་པ་རེད།

སྟག་རྩེ་ཁུལ་གྱི་སྟོན་ལྗོངས་ནི་ཞིང་ས་ཁོ་ན་མ་ཡིན་པར། སྟོན་ཁའི་གཙང་ཆུ་ལ་ཡང་ཐུན་མོང་མ་ཡིན་པའི་མཛེས་བ་ཡོད། གསེར་མདོག་གི་སྡོང་ལོ་ཆུ་ངོས་སུ་ལྷུང་བ་དང་། ཆུ་འགྲམ་གྱི་ཤིང་སྡོང་དག་ཀྱང་དྭངས་ཤིང་གཙང་བའི་ཆུ་ནང་དུ་འཆར་ནས་ཆུ་རླབས་གཡོ་བ་དང་བསྟུན་རྒྱུ་བཞིན་པའི་རང་བྱུང་རི་མོ་ཞིག་མངོན་པ་རེད།

གཞན་ཡང་། བྱང་ཕྱོགས་ཀྱི་ཐང་དཀར་ཤང་དུ་བསྐྱོད་པའི་ལམ་ཡིན་ཡང་འདྲ། ཡང་ན་ལྷོ་ཕྱོགས་སུ་གཙང་ཏོག་ཤང་དུ་འགྲོ་བའི་ལམ་ཡིན་ཡང་འདྲ། ཡང་ན་གྲོང་ཚོ་སོ་སོར་བསྐྱོད་པའི་ལམ་ཡིན་ཡང་ཚང་མས་སྟོན་ཁའི་མཛས་བ་མངོན་བཞིན་ཡོད་ལ། ལམ་འགྲམ་གཉིས་སུ་སེར་མདོག་གི་སྦྱར་བ་ཡོད་པ་ཉི་འོད་སྡོང་ལོ་སྟེང་འཕྲོས་ཤིང་། ལ་ལ་ལམ་ནང་དུ་ལྷུང་ནས་ལྷང་འཇགས་དང་རང་བྱུང་གི་ཡུལ་ལྗོངས་ཤིག་གྲུབ་པ་རེད།

པཱག་དཀར་ཞོལ་བརླན་སའི་སྟོན་དུས། དྭངས་ཤིང་གཙང་བའི་ཆུ་བོ་འདམ་རྩྭ་རྒྱུ་ནས་བཞུར་ཞིང་བསིལ་རླུང་ཁྲོད་ཆུ་རླབས་གཡོ་བཞིན་ཡོད། ཉ་མོས་ཕན་ཚུན་རྩེད་འཇོར་རོལ་ནས་རྣམ་པ་མི་གཅིག་པའི་གཙང་བོའི་ཡུལ་ལྗོངས་མངོན།

སྟག་རྩེ་ཡི་སྟོན་ཁ་ནི་ཁ་མདོག་རྣམ་པར་བཀྲ་བའི་དུས་ཚིགས་ཤིག་ཡིན། ཞིང་ཁ་དང་གཙང་བོ། སྐྱེད་ཚལ་ཡང་ན་ནགས་ཚལ་གང་ཞིག་ཡིན་ཡང་། ཁྱད་དུ་འཕགས་པའི་མཛེས་བ་མངོན་བཞིན་ཡོད། གལ་ཏེ་ཁྱོད་ཀྱིས་བོད་ལྗོངས་ཀྱི་སྟོན་ལྗོངས་ཉམས་སུ་མྱོང་འདོད་ན། སྟག་རྩེ་ནི་གནས་མཆོག་ཞིག་ཡིན་ལ། འདི་རུ་ཁྱོད་ཀྱིས་རང་བྱུང་ཁམས་ཀྱི་རྨད་བྱུང་བཟོ་བཀོད་དང་མིའི་རིགས་ཀྱི་ཤེས་རབས་གསར་སྐྲུན་ཚོར་ཐུབ་པས། ང་ཚོས་མཉམ་དུ་སྟག་རྩེའི་སྟོན་ལྗོངས་ལ་རོལ་མྱོང་བྱ། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།