ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།མི་ཆོས་གླིང་ག
ཞོ་སྟོན་བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་ཞོའི་རིག་གནས་འདི་དག་ཤེས་སམ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-21 16:43:00

ཞོའི་བྱུང་བ། 

    འོ་མར་དབྱེ་ན་འབྲིའི་འོ་མ་དང་། མཛོ་མོའི་འོ་མ། བ་ཕྱུགས་ཀྱི་འོ་མ། ད་དུང་ར་མོ་དང་མ་མོའི་འོ་མ་སོགས་ཡོད། སྤྱིར་འོ་མའི་རིགས་སོ་སོར་དམིགས་བསལ་གྱི་དགེ་མཚན་ལྡན་ཡོད་པ་ཕུད། འོ་མའི་རིགས་གང་འདྲ་ཞིག་ཡིན་རུང་། ཞིམ་མངར་འཛོམས་ལ། རོ་བཅུད་ཆེ་བ། འཚོ་བཅུད་ཕུན་སུམ་ཚོགས་པ་བཅས་ཀྱི་བཏུང་བ་རྨད་དུ་བྱུང་བ་ཞིག་རེད།

    སྤྱིར་འོ་མ་ལ་འབྲོག་པ་ཚོས་འོ་རློན་དང་། འོ་སྐྱ། དར་བ་གསུམ་དུ་ཕྱེ་གི་ཡོད། འོ་རློན་ནི་བཞོས་མ་ཐག་པའི་འོ་མ་འོ་སྤྲིས་དང་ལྡན་པ་དེ་ལ་ཟེར་བ་དང་། འོ་སྐྱའམ་འོ་ཤང་ནི་འོ་རློན་གྱི་ཁ་ནས་སྤྲིས་བླངས་ཤུལ་ལ་ཟེར། དར་བ་ནི་འོ་སྤྲིས་དཀྲུགས་ནས་མར་དཀར་བླངས་ཤུལ་དེ་ལ་ཟེར། དར་བ་གདུས་ནས་ཆགས་པའི་ཕྱུར་བ་བཙགས་ཤུལ་གྱི་གཤེར་ཁུ་དེ་ལ་ཕྱུར་ཁུའམ་སྔོ་ཁུ་ཟེར། མི་རྣམས་ཀྱི་འོ་མ་ཐད་ཀར་བསྐོལ་ནས་འཐུང་གི་ཡོད་ལ། ཇ་ལ་བླུགས་ནས་འོ་ཇ་བཟོ་བ་དང་ཇ་མངར་མོར་ཡང་བླུག་སྲོལ་ཡོད། ལྷག་དོན་དུ་འོ་མར་ཆུ་ཁུའམ་ཆང་གི་སྐྱུར་རྩི་སྟེ་ཕབ་བླུགས་ནས་བསྙལ་བའི་ཞོ་ནི་མིའི་ལུས་ཁམས་གསོ་བའི་བཏུང་བ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་འབྲོག་ཕྲུག་འོ་མས་གསོས་འདྲ་ཞེས་པ་ཡང་འོ་མ་ལེགས་ཤོས་སུ་བརྩི་བའི་འབྲིའི་འོ་མས་གསོས་པའི་བྱིས་པ་རྣམས་ལག་གཏོང་མགྱོགས་ཤིང་ལུས་ཁམས་བཤངས་ལ། རྣམ་རིག་དྭངས་པ། ལུས་ཚོ་ཞིང་གྲང་ངར་ཐེག་མཁན་ཤ་སྟག་ཡིན་པ་བསྟན་ཡོད། དེང་དུས་ཀྱི་འོ་ཕྱེ་ལ་ཡང་འབྲིའི་འོ་མས་བཟོས་པའི་འོ་ཕྱེ་ཡིན་ན་ཕྱུགས་རིགས་གཞན་གྱི་འོ་མས་བཟོས་པའི་འོ་ཕྱེ་ལས་གཙང་ཞིང་བཅུད་ཆེ་བ་ཡོད། ད་དུང་དར་བ་ལ་ཕབ་བཏང་ནས་དར་ཞོ་བསྙལ་ཆོག་པ་དང་ཇ་ལའང་ལྡུག་ཆོག་པ་ཡིན། ལྷན་དོན་ཞོ་དཀྲོགས་ནས་སྙིང་པོ་མར་དཀར་འདོན་པའི་ལག་ཐབས་ནི་མཚོ་བོད་ས་མཐོའི་མེས་པོ་ཚོའི་བློ་གྲོས་ཀྱི་སྙིང་བཅུད་གནས་ས་ཞིག་ཡིན་ལ། འཚོ་བཅུད་ལེགས་ཤིང་གྲང་ངར་འགོག་པའི་ཇ་བསྲུབས་མའི་བཏུང་བའི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་རེད།

         ཞོའི་ཕན་ཡོན། 

    དང་ཐོག དུག་སྦྱོང་གི་སྨན་ལ་ལྕུམ་དཀར་དང་སྦྱར་ནས་དར་བས་རྟ་བྱས་ནས་བཏང་ན་ནུས་པ་མངོན་པར་ཐོན་པ་སོགས་ཀྱི་སྤྱོད་སྒོ་ཡོད་པ་མ་ཟད། ཕྱུར་ཁུ་ཞོ་ཕྱུགས་ལ་བླུད་ན་ཤ་ཤེད་རྒྱས་ཤིང་འོ་མ་མང་བ་དང་། གོས་ཀྱི་ཚིལ་དྲེག་བཀྲུས་ནའང་དག་ནུས་ཆེན་པོ་ཡོད། དེ་ཡང《རྒྱུད་བཞི》ལས་འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། བ་ཡི་འོ་མ་གློ་རྡོལ་གཅོང་ལ་ཕན། རིམས་རྙིང་གཅིན་སྙི་ཡིད་གཞུང་འཚོ་བྱེད་ཡིན། ར་ཡི་འོ་མས་དབུགས་མི་བདེ་བ་སེལ། ལུག་གི་འོ་མས་རླུང་འཇོམས་སྙིང་ལ་གནོད། རྟ་བོང་འོ་མས་བློ་སོགས་རྨོངས་པར་བྱེད། བཞོས་ཐོག་འོ་མ་དྲོ་མོ་བདུད་བརྩི་མཚུངས་ཞེས་དང་། ད་དུང་འོ་མའི་སྙིང་པོ་བཏོན་པའི་ཞོ་སྐྱ་ཡིས། མ་སྙོམས་རིམས་ཆམ་འགྲམས་འཁྲུགས་འཁྲུ་བ་སེལ། ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། རྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། དར་གསར་བསྐ་སྐྱུར་ཡང་ཞིང་མེ་དྲོད་སྐྱེད། ཆུ་ཁུས་རླུང་མཁྲིས་མི་སྐྱེ་བད་ཀན་སེལ། ཞོ་བཙོས་རྟུག་སྐེམ་ཚད་པས་འཁྲུ་བ་སེལ་ཞེས་པ་སོགས་ཕན་ཡོན་མང་དུ་བསྟན་ཡོད།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞོ་སྟོན་བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་ཞོའི་རིག་གནས་འདི་དག་ཤེས་སམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། ཁོན་ཐར་འཚོ།