ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།མི་ཆོས་གླིང་ག
པཎ་ཆེན་རིན་པོ་ཆེས་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ཞུས་པ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-06-28 10:15:00

      སྤྱི་ཟླ་6ཚེས་25ཉིན་གྱི་ཞོགས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་བར་ཕེབས་པ་དང་། དགེ་འདུན་པ་རྣམས་ཀྱི་སྣེ་ཁྲིད་དེ་བསྔོ་སྨོན་མཛད་པ་མ་ཟད། གཙུག་ལག་ཁང་གི་སྒོ་འགྲམ་དུ་ཕེབས་ནས་ལོ་ངོ་1200ལྷག་གི་ལོ་རྒྱུས་ལྡན་པའི་ཐང་བོད་མནའ་འབྲེལ་གཙིགས་ཀྱི་རྡོ་རིང་སྲུང་སྐྱོབ་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

       གནའ་གྲོང་ལྷ་སའི་མཚན་དགུང་དུ་སྐར་འོད་འཚེར་ཞིང་། ཁོ་ར་ཁོར་ཡུག་དལ་ཅག་གིར་གནས་པའི་སྐབས་སུ། གཙུག་ལག་ཁང་དུ་མར་མེའི་འོད་མདངས་རབ་ཏུ་བཀྲ་ཞིང་། བསང་མཆོད་ཀྱི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར། སྔ་དྲོའི་ཆུ་ཚོད་5པ་ཙམ་ལ། དགེ་འདུན་ཚོགས་ཀྱིས་སྔ་མོ་ནས་འདུ་ཁང་གི་ཕེབས་ལམ་གཞོགས་གཉིས་སུ་སེར་སྦྲེང་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་སྒུག་ཞུས་ཡོད།

  སྤྱི་ཟླ་6ཚེས་25ཉིན་གྱི་ཞོགས་པ།  གཙུག་ལག་ཁང་གི་དགེ་འདུན་པ་ཚོས་འདུ་ཁང་གི་ཕེབས་ལམ་གཞོགས་གཉིས་སུ་སེར་སྦྲེང་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་སྒུག་ཞུས་པ། གཙུག་ལག་ཁང་གི་དགེ་འདུན་པ་ལྷག་པས། བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་ཞིག་ཡིན་པའི་ངོས་ནས། པཎ་ཆེན་རིན་པོ་ཆེ་མཆོག་ལོ་ལྟར་ལྷ་སར་བཀའ་ཆོས་གནང་བར་ཕེབས་ཀྱི་ཡོད་པ་དང་། གཙུག་ལག་ཁང་ནི་ཁོང་ཆིབས་བསྒྱུར་གནང་སའི་ས་ཚིགས་དང་པོ་དེ་ཡིན། གཙུག་ལག་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ཆོ་ག་གྲ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུ་ཡི་ཡོད་ཅེས་ངོ་སྤྲོད་གནང་།

  སྤྱི་ཟླ་6ཚེས་25ཉིན་གྱི་ཞོགས་པ། པཎ་ཆེན་རིན་པོ་ཆེ་མཆོག་གཙུག་ལག་ཁང་དུ་ཕེབས་འབྱོར་ཟིན་པ།

       ཆུ་ཚོད་5དང་སྐར་མ་30ཙམ་ལ། པཎ་ཆེན་རིན་པོ་ཆེ་མཆོག་དང་བཅས་པ་གཙུག་ལག་ཁང་དུ་ཕེབས་འབྱོར་ཟིན་པ་དང་། སྤྱན་འདྲེན་རྒྱ་གླིང་དང་རིན་རྒྱན་སྤོས་འཛིན་པའི་སྔུན་བསུའི་འོག པཎ་ཆེན་རིན་པོ་ཆེ་མཆོག་གཙུག་ལག་ཁང་གི་འདུ་ཁང་དུ་ཞབས་བཅགས་གནང་ནས་དགའ་ལྡན་ལྷ་ཁང་དང་། སྨན་བླ་ལྷ་ཁང་། ཐུགས་རྗེ་ཆེན་མོའི་ལྷ་ཁང་སོགས་སུ་གནས་གཟིགས་དང་ཐུགས་སྨོན་གཟབ་བཞེས་གནང་བ་རེད།

  སྤྱི་ཟླ་6ཚེས་25ཉིན། གཙུག་ལག་ཁང་གི་འདུ་ཁང་ནང་པཎ་ཆེན་རིན་པོ་ཆེ་མཆོག་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་མཆོད་མཇལ་ཞུས་པ།

       གཙུག་ལག་ཁང་གི་འདུ་ཁང་ནང་རྒྱ་བཟའ་ཀོང་ཇོས་བོད་དུ་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཐུན་པའི་སྐུ་བརྙན་ལ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གིས་ཕྱག་མཆོད་འབུལ་ཞུ་བཞིན་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་ནས་གནས་གཟིགས་གནང་བཞིན་དུ་དགེ་འདུན་ཚོགས་དང་ལྷན་དུ་གཟབ་གསལ་སྙན་གསུམ་གྱི་ཐོག་ནས་ཇོ་བོའི་སྨོན་ལམ་འདོན་གནང་བ་དང་འབྲེལ་སྐུ་བརྙན་ལ་མཇལ་དར་བསྒྲོན་གནང་བ་རེད།

  སྤྱི་ཟླ་6ཚེས་25ཉིན། པཎ་ཆེན་རིན་པོ་ཆེ་མཆོག་ནས་གཙུག་ལག་ཁང་དུ་ཞལ་འདོན་དང་ཐུགས་སྨོན་གནང་བ། 

       དེ་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་པ་དང་། གཙུག་ལག་ཁང་གི་དགེ་འདུན་པའི་སྐུ་ཚབ་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཎྜལ་ཕུལ་བ་རེད། པཎ་ཆེན་རིན་པོ་ཆེ་མཆོག་ནས་དབུ་མཛད་གནང་བའི་འོག དགེ་འདུན་ཚོགས་ཀྱིས་རྒྱལ་ཁབ་དར་ཞིང་རྒྱས་པ་དང་མི་དམངས་བདེ་ཞིང་སྐྱིད་པ། འགྲོ་ཀུན་བདེ་ལ་འཁོད་པ་བཅས་ཀྱི་ཐུགས་སྨོན་རྒྱ་ཆེར་གནང་བ་དང་། འདུ་ཁང་གི་ཕྱོགས་མཐའ་ཀུན་ཏུ་ཆོས་ཀྱི་གསུང་སྒྲ་གྲགས་ཡོད། དེའི་རིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ད་དུང་གཙུག་ལག་ཁང་གི་དགེ་འདུན་ཚོགས་ལ་ཕྱག་དབང་གནང་བ་རེད།

  སྤྱི་ཟླ་6ཚེས་25ཉིན། པཎ་ཆེན་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་པ་དང་། གཙུག་ལག་ཁང་གི་དགེ་འདུན་པའི་སྐུ་ཚབ་ཀྱིས་པཎ་ཆེན་རིན་པོ་ཆེར་མཎྜལ་ཕུལ་བ།

  སྤྱི་ཟླ་6ཚེས་25ཉིན། པཎ་ཆེན་རིན་པོ་ཆེ་མཆོག་ནས་གཙུག་ལག་ཁང་དུ་ཞལ་འདོན་ཐུགས་སྨོན་གནང་བ།

  སྤྱི་ཟླ་6ཚེས་25ཉིན། པཎ་ཆེན་རིན་པོ་ཆེ་མཆོག་ནས་གཙུག་ལག་ཁང་གི་དགེ་འདུན་ཚོགས་ལ་ཕྱག་དབང་གནང་བ།

       མཆོད་མཇལ་གནང་གྲུབ་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་ཞབས་ཐང་མར་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཕེབས་ནས་ཐང་བོད་མནའ་འབྲེལ་གཙིགས་ཀྱི་རྡོ་རིང་སྲུང་སྐྱོབ་བྱས་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐང་བོད་མནའ་འབྲེལ་གཙིགས་ཀྱི་རྡོ་རིང་ལ་དབོན་ཞང་རྡོ་རིང་ཡང་ཟེར་ཞིང་། དེ་ནི་རྒྱ་བོད་མི་རིགས་མཐུན་སྒྲིལ་མཛའ་གྲོགས་ཀྱི་ལོ་རྒྱུས་དཔང་རྟགས་ཤིག་ཡིན།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
པཎ་ཆེན་རིན་པོ་ཆེས་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ཞུས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།