ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།མི་ཆོས་གླིང་ག
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་ཆབ་མདོར་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་བྱ་འགུལ་སྤེལ་གནང་མཛད་པ།
ཡོང་ཁུངས། བོད་ཀྱི་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-06-20 15:22:00

   ཟླ6པའི་ཚེས5ཉིན་ནས་ཚེས17ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་སུ་ཕེབས་ནས། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་གོ་འཇོ་རྫོང་། སྨར་ཁམས་རྫོང་། བྲག་གཡང་རྫོང་། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཁ་རུབ་ས་ཁུལ། སྟེང་ཆེན་རྫོང་། རི་བོ་ཆེ་རྫོང་བཅས་སུ་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་བྱ་འགུལ་སྤེལ་བ་རེད།

  ཟླ6པའི་ཚེས5ཉིན་པཎ་ཆེན་རིན་པོ་ཆེ་རླངས་འཁོར་ལ་བཞུགས་ནས་འཇོ་མདའ་རྫོང་དུ་འབྱོར་བའི་ཚེ། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀརྨ་ཚེ་བརྟན་དང་ཀོང་ཧུའེ་ཚའེ། ས་ལུང་ཕུན་ལགས་བཅས་ཀྱི་ཕེབས་བསུ་ཞུས་པ་དང་མི་རིགས་སོ་སོ་དང་ལས་རིགས་ཁག་གི་མི་སྣས་པཎ་ཆེན་རིན་པོ་ཆེ་ཕེབས་པར་དགའ་སྤྲོའི་བསུ་མ་བྱས།

  བོད་ལྗོངས་གཡུ་ལུང་ཟངས་ལས་མ་རྐང་ཚད་ཡོད་ཀུང་སི་ནི་པཎ་ཆེན་རིན་པོ་ཆེ་བོད་ལྗོངས་སུ་ཕེབས་ནས་རྟོག་ཞིབ་སློབ་སྦྱོང་གི་ས་ཚིགས་དང་པོ་ཡིན། པཎ་ཆེན་རིན་པོ་ཆེ་ཀུང་སིའི་འགྲེམ་སྟོན་ཚོམས་ཁང་དང་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། ཀུང་སིའི་འཕེལ་རྒྱས་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པ་དང་། ཀུང་སིའི་འགན་ཁུར་པར་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ། ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་ལྕག་གནང་།

  གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཚད་ལྡན་ཅན་དང་སྦྲུམ་གཅིག་ཕུང་མང་གསོ་སྤེལ་བཅས་བརྒྱུད། ཨ་དབང་ལུག་གཞི་ཁྱོན་ཅན་གྱི་གསོ་སྤེལ་མངོན་འགྱུར་བྱུང་བ་དང་། ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་བཅས་ལ་སྐུལ་ཁྲིད་ཐུབ་ཡོད་པ་མཁྱེན་རྟོགས་བྱུང་། པཎ་ཆེན་རིན་པོ་ཆེས་ཀུང་སིའི་འགན་ཁུར་པར་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས་གསོ་སྤེལ་གཞི་ཁྱོན་རྒྱ་སྐྱེད་དུ་གཏོང་བ་དང་། རོང་འབྲོག་མང་ཚོགས་སྔར་བས་མང་པོར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་དགོས་པའི་སྐུལ་མ་གནང་།

  མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན། པཎ་ཆེན་རིན་པོ་ཆེ་སྨར་ཁམས་རྫོང་འཇང་རིགས་ཤང་འཇང་གྲོང་ཚོའི་མི་རིགས་འཆམ་མཐུན་ཁྱིམ་ཚང་ཚེ་རིང་རིག་འཛིན་གྱི་ཁྱིམ་དུ་ཕེབས་ཏེ། ཁོང་ཁྱིམ་མི་ཡོངས་ཀྱི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལ་གསན་པར་མ་ཟད། སྨར་ཁམས་རྫོང་གི་མི་རིགས་སོ་སོའི་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས། པཎ་ཆེན་རིན་པོ་ཆེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག བོད་ལྗོངས་སུ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རྨི་ལམ་དུའང་ཐོབ་རེ་འདོད་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཡོད། དེང་སང་གི་བདེ་སྐྱིད་འཚོ་བ་ནི་ཏང་གི་སྟོབས་ལྡན་མགོ་ཁྲིད་ལ་རག་ལས་པ་དང་། མི་རིགས་སོ་སོས་ཐུན་མོང་མཐུན་སྒྲིལ་འབད་བརྩོན་བྱས་པ་དང་ཐུན་མོང་དར་རྒྱས་འཕེལ་རྒྱས་ཡོང་བར་རག་ལས་ཡོད། ང་ཚོས་མཐའ་གཅིག་ཏུ་ཏང་གི་མགོ་ཁྲིད་བཀུར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྟེ་བའི་གོ་གནས་མཐའ་གཅིག་ཏུ་བརྩི་བཀུར་དང་སྲུང་སྐྱོང་བྱས་ནས་ཏང་གི་བཀའ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་དགོས། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་རང་ཉིད་ཀྱི་མིག་ལ་གཅེས་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང་། འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་པ། “ངོས་འཛིན་གཅིག་མཐུན་ལྔ”གཏིང་ཟབ་དུ་གཏོང་བ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

  ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་པཎ་ཆེན་རིན་པོ་ཆེ་བོད་ལྗོངས་འོད་གླིང་དམངས་ཕན་སྨན་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས། ཀུང་སིའི་འཕེལ་རྒྱས་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། བོད་སྨན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་། 

  ཆབ་མདོར་བཞུགས་པའི་རིང་། པཎ་ཆེན་རིན་པོ་ཆེས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ལམ་འགྲམ་གྱི་དད་ལྡན་མང་ཚོགས་ལ་རྒྱ་ཁྱབ་ཏུ་འབྲེལ་གཏུག་བྱས་ཏེ། སྔ་རྗེས་སུ་འཇོ་མདའ་རྫོང་གི་ཝ་ར་དགོན་དང་སྨར་ཁམས་རྫོང་ལྷ་སྒང་དགོན། བྲག་གཡང་རྫོང་དབྱེན་འདུམ་གྲོང་རྡལ། ཆབ་མདོ་གྲོང་ཁྱེར་དགའ་ལྡན་བྱམས་པ་གླིང་། སྟེང་ཆེན་རྫོང་རྩེ་དྲུག་དགོན། དཀྱིལ་མཁར་དགོན། རི་བོ་ཆེ་དགོན་བཅས་སུ་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་དང་ཚྭ་ལྷོའི་གནམ་བདག་ཆོས་ཁང་དུ་གཟིགས་སྐོར་གནང་། དགོན་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོ་བའི་གུས་ལུགས་མཛད་སྒོ་སྤེལ་ནས་པཎ་ཆེན་རིན་པོ་ཆེ་ཕེབས་བསུ་ཞུས་པ་དང་། པཎ་ཆེན་རིན་པོ་ཆེས་དགེ་འདུན་པའི་སྣེ་ཁྲིད་དེ་ཆོས་འདོན་མཆོད་འབུལ་གནང་ནས་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་ཁབ་དུས་བདེ་དམངས་བདེ་ཡོང་བར་སྨོན་ལམ་བཏབ།

  ཆབ་མདོ་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་དང་བཞུགས་མོལ་ཚོགས་འདུ་གནང་སྐབས། པཎ་ཆེན་རིན་པོ་ཆེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་བསྟན་ཡོད་པ་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་ཏང་གི་མགོ་ཁྲིད་མཐའ་གཅིག་ཏུ་བཀུར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྟེ་བའི་གོ་གནས་མཐའ་གཅིག་ཏུ་བརྩི་བཀུར་དང་སྲུང་སྐྱོང་བཅས་བྱས་ཏེ། ཆོས་ལུགས་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཕན་ཚུན་གཅིག་མཐུན་ཡོང་བར་བྱེད་པ། ཉམས་འགྱུར་བཟང་པོ་ཞིག་བཙུགས་ནས་ཆོས་ལུགས་ཀྱི་ཡོན་ཚད་དང་ཆོས་ལུགས་ཀྱི་ཀུན་སྤྱོད་ཕན་ཚུན་ཟུང་འབྲེལ་བྱེད་པ། ནུས་པ་འདོན་སྤེལ་བྱས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་བྱེད་པ། རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཏེ། རང་འགུལ་ངང་ཁ་བྲལ་སྟོབས་ཤུགས་དང་འཐབ་རྩོད་བྱེད་པ། རང་འགུལ་ངང་ཏང་གི་བཀའ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རླབས་ཆེའི་ལག་ལེན་ཁྲོད་ཞུགས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ལྗོངས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་གསུངས།

  དེའི་རིང་། པཎ་ཆེན་རིན་པོ་ཆེས་ད་དུང་དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་དྲན་གསོ་ཁང་དང་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་རྗེས་ཤུལ། བྲག་གཡང་རྫོང་དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འགྲེམས་སྟོན་ཁང་། སྟེང་ཆེན་རྫོང་ཐོན་ལས་གླིང་ཁུལ་འཆར་འགོད་ཁང་། ཁྱད་ལྡན་ཐོན་རྫས་གསོ་སྤེལ་རྟེན་གཞི་བཅས་སུ་གཟིགས་སྐོར་གནང་། 

  བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་རྫོང་ལོ་བྱམས་པ་མཁས་གྲུབ་དང་པད་མ་དབང་འདུལ་འགྲོ་རོགས་བྱས་ནས་འབྲེལ་ཡོད་བྱ་འགུལ་ནང་ཞུགས། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་ཆབ་མདོར་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་བྱ་འགུལ་སྤེལ་གནང་མཛད་པ།

ཡོང་ཁུངས། བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།