ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།རྩོམ་རིག་སྒྱུ་རྩལ།
ང་ལ་མིག་ཆུ་མི་འདུག
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-06-12 09:59:14

  རྡེའུ་དཀར །

  ན་ནིང་ཁྱོད་ཀྱི་དོན་ལ།།

  མིག་ཆུས་མཚོ་ཞིག་བསྐྱིལ་བ།།

  དགུན་ལ་དར་ཁ་འགྲིག་ཀྱང་།།

  བརྩེ་བའི་ནང་སྙིང་འཁྱགས་མེད།།

  མཚོ་མོའི་ཕར་ལ་བཞུགས་པའི།།

  བྱམས་པ་གནས་མ་བུ་ཁྲིད།།

  གནས་བཟོད་བདེ་མོ་མིན་ན།།

  ཀོ་གྲུ་བརྒྱབ་ནས་ཐོན་ཡོང་།།

  སྣང་བའི་མགུར་གླུ་འཐེན་ཞིང་།།

  འདམ་རྩྭ་མཉམ་ཟ་བྱེད་པའི།།

  མཚོ་ཐོག་ངང་དཀར་ངང་དམར།།

  དྲན་ཐོག་སྨྲེང་བཞག་རེད་ཨང་།།

  གཤོག་དྲུག་བདེ་མྱུར་རྩལ་གྱིས།།

  སྐད་ཅིག་མཚོ་མཐའ་སྐོར་ཞིང་།།

  མཚོ་མོའི་གསང་ལམ་ཉུལ་བའི།།

  གསེར་ཉ་ཡིན་ན་བསམ་བྱུང་།།

  མཚོ་མོའི་མེ་ལོང་ནང་ལ །།

  ཁྱོད་ཀྱི་གཟུགས་བརྙན་ཤར་བྱུང་།།

  ཁྱོད་རང་མཛེས་དང་མི་མཛེས།།

  ཟླ་བ་ལྷ་མོས་བཤད་ཡོང་།།

  རླབས་ཀྱིས་གཏོར་བའི་མེ་ཏོག།

  ཁྱོད་ཀྱི་དབུ་ལ་སྒྲོན་དང་།།

  མཚོ་མོ་དྭངས་ཤ་ཅན་ལ།།

  དྲན་པའི་ཆུ་རིས་འཁྱིལ་ཡོང་།།

  སེམས་ཀྱི་མཚོ་མོའི་ནང་གི།

  མཚོ་བདག་ཀླུ་མོ་ཁྱོད་ཡིན།།

  མཚོ་མོ་རྒྱས་དང་མི་རྒྱས།།

  མཚོ་བདག་སེམས་ཀྱིས་ཤེས་ཡོང་།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 

ང་ལ་མིག་ཆུ་མི་འདུག

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

སྤེལ་དུས། 2023-06-12 09:59:14

  རྡེའུ་དཀར །

  ན་ནིང་ཁྱོད་ཀྱི་དོན་ལ།།

  མིག་ཆུས་མཚོ་ཞིག་བསྐྱིལ་བ།།

  དགུན་ལ་དར་ཁ་འགྲིག་ཀྱང་།།

  བརྩེ་བའི་ནང་སྙིང་འཁྱགས་མེད།།

  མཚོ་མོའི་ཕར་ལ་བཞུགས་པའི།།

  བྱམས་པ་གནས་མ་བུ་ཁྲིད།།

  གནས་བཟོད་བདེ་མོ་མིན་ན།།

  ཀོ་གྲུ་བརྒྱབ་ནས་ཐོན་ཡོང་།།

  སྣང་བའི་མགུར་གླུ་འཐེན་ཞིང་།།

  འདམ་རྩྭ་མཉམ་ཟ་བྱེད་པའི།།

  མཚོ་ཐོག་ངང་དཀར་ངང་དམར།།

  དྲན་ཐོག་སྨྲེང་བཞག་རེད་ཨང་།།

  གཤོག་དྲུག་བདེ་མྱུར་རྩལ་གྱིས།།

  སྐད་ཅིག་མཚོ་མཐའ་སྐོར་ཞིང་།།

  མཚོ་མོའི་གསང་ལམ་ཉུལ་བའི།།

  གསེར་ཉ་ཡིན་ན་བསམ་བྱུང་།།

  མཚོ་མོའི་མེ་ལོང་ནང་ལ །།

  ཁྱོད་ཀྱི་གཟུགས་བརྙན་ཤར་བྱུང་།།

  ཁྱོད་རང་མཛེས་དང་མི་མཛེས།།

  ཟླ་བ་ལྷ་མོས་བཤད་ཡོང་།།

  རླབས་ཀྱིས་གཏོར་བའི་མེ་ཏོག།

  ཁྱོད་ཀྱི་དབུ་ལ་སྒྲོན་དང་།།

  མཚོ་མོ་དྭངས་ཤ་ཅན་ལ།།

  དྲན་པའི་ཆུ་རིས་འཁྱིལ་ཡོང་།།

  སེམས་ཀྱི་མཚོ་མོའི་ནང་གི།

  མཚོ་བདག་ཀླུ་མོ་ཁྱོད་ཡིན།།

  མཚོ་མོ་རྒྱས་དང་མི་རྒྱས།།

  མཚོ་བདག་སེམས་ཀྱིས་ཤེས་ཡོང་།།