མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ལ་རིམ་པ་མི་འདྲ་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པའི་རྣམ་གྲངས280ཡོད་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

  ཚེས16ཉིན། གསར་འགོད་པས་མཚ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ད་སྔ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་རིམ་པ་མི་འདྲ་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པའི་རྣམ་གྲངས280ཡོད་ཅིང་། སྲོལ་རྒྱུན་མཛེས་རྩལ་དང་། ལག་རྩལ། སྨན་བཅོས། དམངས་སྲོལ་རིགས་ཀྱི་གྲངས་འབོར་ཆེས་མང་པའི་ཁུལ་ཡིན་པ་དང་།  ཡུལ་ཤུལ་ས་ཁུལ་གྱི་ཞིང་གྲོང་དར་སྤེལ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་སྤེལ།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས་འཛུགས་སྐྲུན་བཅས་གྱི་གཞི་རྟེན་གལ་ཆེན་དུ་འགྱུར་ངེས།

  ཉེ་ལམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་སྐོར་དྲུག་པའི་མིང་ཐོ་ཁྱབ་སྒྲོག་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཡོད་ཅིང་། ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས97ལ་ངོས་འཛིན་གཏན་འཁེལ་བྱུང་ནས་ཁྱབ་སྒྲོག་བྱས་ཡོད་པ་དང་། དེའི་ནང་ཡུལ་ཤུལ་ཁུལ་གྱི་ཚབ་མཚོན་རྣམ་གྲངས10ཚུད། དེའི་ནང་སྲོལ་རྒྱུན་ཞབས་བྲོ2དང་།
སྲོལ་རྒྱུན་ལུས་རྩལ། རྐྱལ་རྩལ་དང་རྩལ་རྩེད2།  སྲོལ་རྒྱུན་ལག་རྩལ5།  སྲོལ་རྒྱུན་གསོ་རིག་རིགས1བཅས་ཡོད།  ད་ལྟ་ཡུལ་ཤུལ་ཁུལ་ལ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྣམ་གྲངས54ལ་བསླེབས་ཡོད་དོ། །

  ཤེས་གསལ་ལྟར་ན། ཡུལ་ཤུལ་ཁུལ་ལ་རིམ་པ་མི་འདྲ་བའི་གཟུགས་འདས་རིག་གནས་ཀྱི་རྣམ་གྲངས་ཁྲོད་དུ། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ཅན་གྱི་རྣམ་གྲངས12དང་།  ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ཅན་གྱི་རྣམ་གྲངས54། ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས42། རྫོང་དང་གྲོང་ཁྱེར་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས172ཡོད་དོ། ། 
 

 

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།