ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།རིག་གནས་ཡུལ་བཞག
  རང་ཞིང་དུ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས97གསར་དུ་བསྣན།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-02-27 17:28:00

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་ལྡན་པའི་ལས་གཞི་སྐོར་ཁག་དྲུག་པའི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་ལྡན་པའི་ལས་གཞི97གསར་དུ་བསྣན་ཡོད། དེའི་ནང་དམངས་ཁྲོད་རྩོམ་རིག་རིགས་ཀྱི6དང་།  སྲོལ་རྒྱུན་རོལ་མོའི་རིགས4། སྲོལ་རྒྱུན་ཞབས་བྲོ་རིགས2།  སྲོལ་རྒྱུན་ཟློས་གར་རིགས5།  སྲོལ་རྒྱུན་ལུས་རྩལ་རིགས3། སྲོལ་རྒྱུན་རི་མོའི་རིགས8།  སྲོལ་རྒྱུན་ལག་ཤེས་རིགས45། སྲོལ་རྒྱུན་སྨན་དང་སྨན་རྫས་རིགས11། དམངས་སྲོལ་རིགས13བཅས་འདུ་བས།  དུས་དེ་ནས་རང་ཞིང་ལ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་གི་མཚོན་བྱེད་ལྡན་པའི་རྣམ་གྲངས335ལ་བསླེབས། 
   ཤེས་གསལ་ལྟར་ན། ཐེངས་འདིའི་སྙན་ཞུའི་ཁྲོད།  སྲོལ་རྒྱུན་མཛེས་རྩལ་དང་། ལག་ཤེས། སྨན་རྫས།  དམངས་སྲོལ་རིགས་ཀྱི་རྣམ་གྲངས་ཅུང་མང་ལ། དེས་ཞིང་གྲོང་དར་སྤེལ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན།  རིག་གནས་ཡུལ་སྐོར་མཉམ་སྤེལ།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས་བཏོད་པ་བཅས་ལ་གཞི་རྟེན་གལ་ཆེན་བཏོན་ཡོད།  ཐེངས་འདིར་འོས་སྦྱོར་སྙན་ཞུ་བྱས་པའི་ནང་ལག་ལེན་རང་བཞིན་ཅུང་ཆེ་བའི་རིག་གནས་སྲོལ་རྒྱུན་ཅུང་མང་བ་དང་། དེ་ལས་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་ངོས་འཛིན་གཏན་འཁེལ་བྱུང་བའི་གྲངས་འབོར་གྱིས་ཐེངས་འདིའི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་སྤྱིའི་གྲངས་འབོར་གྱི46%ཟིན།  དེའི་ནང་མཚོ་སྔོན་སྲོལ་རྒྱུན་བཟའ་བཏུང་རིགས་ཀྱི་རྣམ་གྲངས15ཡོད་ལ།  དེ་དག་གིས་འཛད་སྤྱོད་སླར་གསོ་དང་།  ཁྲོམ་ར་འཁྲུག་པོ།  རིག་གནས་ཡུལ་སྐོར་མཉམ་སྤེལ་བཅད་ཐད་དགེ་མཚན་དང་ནུས་པ་མི་དམན་པ་འདོན་ཐུབ།  ཐེངས་འདིར་ངོས་འཛིན་གཏན་འཁེལ་བྱུང་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཅུང་མང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྣམ་གྲངས་ཐེངས་འདིའི་མིང་ཐོར་ཚུད་ཡོད་དོ། །

  2006ལོ་ནས་བཟུང་རང་ཞིང་གིས་གྲངས་འབོར་ལུགས་མཐུན་དང་སྒྲིག་གཞི་ལེགས་བསྒྱུར་བྱས་པའི་རིམ་བཞིའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མང་ཐོ་མ་ལག་བཙུགས་ཤིང་།  རིམ་ཁག་མི་འདྲ་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་རྣམ་གྲངས2904ལ་བསླེབས་ཡོད།  དེའི་ནང་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས88དང་།  ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས335། གྲོང་ཁྱེར་དང་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས840། རྫོང་དང་ཆུས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས1641།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་གྱི་མཚོན་བྱེད་མིང་ཐོར་ཚུད་པའི་རྣམ་གྲངས6བཅས་ཡོད་དོ། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
  རང་ཞིང་དུ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས97གསར་དུ་བསྣན།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།