ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།ཡུལ་སྲོལ།
མདོ་དབུས་མཐོ་སྒང་དུ་ནས་ཇི་ལྟར་དར་བ་ཡིན་ནམ།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-10-10 11:42:00

ནས་ནི་མདོ་དབུས་མཐོ་སྒང་གི་ཆེས་གལ་ཆེ་བའི་འབྲུ་རིགས་ཤིག་ཡིན་པའི་ཆ་ནས། མེས་པོ་རྣམས་མདོ་དབུས་མཐོ་སྒང་དུ་ཡོང་བ་དང་དེ་ནས་གཏན་སྡོད་བྱེད་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན། དེ་ན། མདོ་དབུས་མཐོ་སྒང་དུ་ནས་ཇི་ལྟར་དར་བ་དང་། དེ་ཉིད་མཐོ་གྲང་གི་ཁོར་ཡུག་འདི་ལ་འཕྲོད་མཐུན་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན།

2022ལོའི་དབྱར་དུས་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་ལག་བསྟར་བྱེད་པའི་ཀྲུང་གོའི་མདོ་དབུས་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི“མིའི་རིགས་འཚོ་སྡོད་ཀྱི་ལོ་རྒྱུས་དང་དེའི་ཤུགས་རྐྱེན”ཞིབ་འཇུག་ཡན་ལག་རུ་ཁག་གིས་ཉེ་ཆར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་སོགས་ས་ཆ་ཁག་ཏུ“མདོ་དབུས་མཐོ་སྒང་གི་སྣོད་བཅུད་འབྲེལ་བའི་ཕྱོགས་བསྡུས་རྟོག་ཞིབ”ཅེས་པ་སྤེལ་བ་རེད།

ཚན་ཞིབ་རུ་མིའམ་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་བཟོ་འགོད་པ་ཀུའུ་ཀྲེང་ཆོན་གྱིས་བསྟན་དོན། གནའ་རྫས་རྟོག་ཞིབ་རིག་པ་བ་ཡིས་འཛམ་གླིང་ཁྱབ་ཁོངས་ཀྱི་ཞིང་ལས་གནའ་རྫས་རྟོག་ཞིབ་ཤུལ་གནས་ཀྱི་ཞིབ་འཇུག་དབྱེ་ཞིབ་ལ་གཞིགས་ན། ནས་ནི་ལོ་ངོ་ཁྲི1.05ཡི་སྔོན་ལ་ཨེ་ཤ་ཡ་ནུབ་མ་ནས་ཟུར་གཉིས་སོ་བ་གཡུང་ལ་ཕབ་པ་ལས་བྱུང་བ་དང་། དེ་ནས་ལོ་ངོ8500ཡི་སྔོན་ལ་དབྱི་ལང་ས་ཁུལ་དུ་ཐོག་མར་བྱུང་། དེའི་རྗེས་ཨེ་ཤ་ཡ་དབུས་དང་ཨེ་ཤ་ཡ་ཤར་རྒྱུད་ལ་ཁྱབ་པར་མ་ཟད། ད་ལྟའི་བར་དུ་ལོ་ངོ5200ཡོད་པའི་སྐབས་ཀྲུང་གོའི་ཞིན་ཅང་ཐུང་ཐེན་ཏུང(通天洞)གནའ་ཤུལ་དུའང་རྙེད་པ་རེད། དེང་རབས་གཞི་རྒྱུ་ཚོགས་ཀྱི་གཞི་གྲངས་དང་གནའ་རྫས་རྟོག་ཞིབ་རིག་པ་ཟུང་འབྲེལ་བརྒྱུད་ནས་ཞིབ་འཇུག་བྱས་པ་ལས་བྱུང་བའི་དཔྱད་འབྲས་ལྟར་ན། ད་ལྟའི་མདོ་དབུས་མཐོ་སྒང་དུ་འདེབས་འཛུགས་བྱེད་པའི་ནས་ནི་གཙོ་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་ཁྱབ་ཁོངས་ནས་དར་ཡོང་ཤས་ཆེ་བ་དང་། ད་ལྟའི་བར་དུ་ལོ་ངོ3500ཡོད་པའི་ཡས་མས་སུ་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་དུ་ཁྱབ་པ་རེད།

གནའ་རྫས་རྟོག་ཞིབ་རིག་པ་བས་མདོ་དབུས་མཐོ་སྒང་གི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་སྐབས་ཀྱི་ཞིང་ལས་གནའ་ཤུལ་མང་པོ་ལ་ཞིབ་འཇུག་བྱས་པ་ན། ད་ལྟའི་བར་དུ་ལོ་ངོ3500ཡོད་པའི་གད་པ་སེར་རུལ་དུར་ས་དང་འཕྲེང་སྒོ་གནའ་ཤུལ། ཆུ་གོང་གནའ་ཤུལ་བཅས་སུ་ནས་ཀྱི་རྗེས་ཤུལ་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཨེ་ཤ་ཡ་ཤར་རྒྱུད་ས་ཁུལ་གྱི་ནས་ཀྱི་ཤུལ་རྗེས་རྙེད་པའི་དུས་ཚོད་དང་རིག་གནས་ཁྱད་ཆོས་ལ་ཟུང་འབྲེལ་དབྱེ་ཞིབ་བྱས་པ་ལས། གནའ་རྫས་རྟོག་ཞིབ་རིག་པ་བས་ནས་འདི་མདོ་དབུས་མཐོ་སྒང་དུ་དར་བའི་ལམ་ཐིག་ལ་སྔོན་དཔག་སྣ་མང་བྱས་ཡོད་པ་སྟེ། དཔེར་ན། ལོ་ངོ3500ཡི་སྔོན་ལ་མཚོ་སྔོན་དང་ཀན་སུའུ་ས་ཆ་ནས་ཁྱབ་པ་དང་། ཨེ་ཤ་ཡ་ལྷོ་རྒྱུད་ནས་མཆེད་པ། ཨེ་ཤ་ཡའི་སྐམ་སའི་དབུས་ཁུལ་གྱི་རི་ཁུལ་བགྲོད་ལམ་བརྒྱུད་ནས་མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་ལ་དར་བ་སོགས་འདུས་ཡོད། ཡིན་ནའང་། མིག་སྔའི་གནའ་རྫས་རྟོག་ཞིབ་རིག་པའི་དཔང་དངོས་ཁོ་ན་ཡིས་ནས་འདི་མདོ་དབུས་མཐོ་སྒང་དུ་དར་བའི་གོ་རིམ་ཚང་མ་ཕྱོགས་ཡོངས་ནས་གསལ་སྟོན་བྱེད་མི་ཐུབ།

གནས་ཚུལ་འདི་རྨང་གཞི་བྱས་ཏེ། མདོ་དབུས་མཐོ་སྒང་གི་ལོ་ཏོག་གཙོ་བོ་ནས་ཀྱི་འབྱུང་ཁུངས་གོ་རིམ་གསལ་བར་བྱེད་ཆེད། ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་ཚོགས་པས་དེང་རབས་ནས་ཀྱི་རྒྱུད་འཛིན་རིག་པའི་དབྱེ་ཞིབ་དེ་ནས་ཀྱི་འབྱུང་ཁུངས་དང་དར་ཁྱབ་ཀྱི་ཞིབ་འཇུག་ནང་ལ་བཅུག་སྟེ་ཞིབ་འཇུག་བྱས་པ་ན། ནས་ལ་རྒྱུད་འཛིན་རིག་པའི་ཤུགས་རྐྱེན་ཐེབས་ཤུགས་ཆེས་ཆེ་བ་ནི་སོན་རྗེན་དང་ཟུར་དྲུག་གི་ཁྱད་ཆོས་གཉིས་ཀ་འབུར་དུ་ཐོན་པ་དེ་ཡིན་ལ། དེའི་ནང་གི་སོན་རྗེན་རིགས་ནི་ཆེས་སྔ་ན་ད་ལྟའི་བར་དུ་ལོ་ངོ8500ཡོད་པའི་སྔོན་གྱི་དབྱི་ལང་ས་ཁུལ་དུ་བྱུང་བ་དང་། རིགས་དེ་ཉིད་བྱུང་བ་ལས་གཡུལ་གཅོག་བྱ་རིམ་ཇེ་ཉུང་དུ་གྱུར་ཏེ་ནས་ཀྱི་ས་བོན་ལེན་པ་སྟབས་བདེ་ལ་སོང་ཡོད། ཟུར་དྲུག་རིགས་བྱུང་བ་ཡིས་ཚད་རིམ་ངེས་ཅན་ཞིག་ཏུ་ནས་ཀྱི་ཐོན་ཚད་ཇེ་མང་དུ་བཏང་ཡོད་པ་རེད།

འབྲེལ་ཡོད་ཞིབ་འཇུག་ལས་ད་དུང་ཤེས་རྟོགས་བྱུང་བ་ལྟར་ན། ནས་ཀྱི་ཁྱད་ཆོས་རང་བཞིན་གྱི་ཟུར་དྲུག་གཞི་རྒྱུ་དང་ཨེ་ཤ་ཡ་དབུས་ཁུལ་ནས་བྱུང་བའི་རྒོད་སྐྱེས་ཟུར་དྲུག་སོ་བའི་གཞི་རྒྱུ་གཉིས་ལ་རྒྱུད་འཛིན་འབྲེལ་བ་མངོན་གསལ་ཡོད་པ་དང་། ཆེས་སྔ་ན་ད་ལྟའི་བར་དུ་ལོ་ངོ8000ཡས་མས་ཡོད་པའི་ཨེ་ཤ་ཡ་དབུས་ཁུལ་དུ་བྱུང་བ་རེད། མདོ་དབུས་མཐོ་སྒང་དུ་དར་བའི་གོ་རིམ་ནང་དུ། ནས་ཀྱི་རྒྱུད་པའི་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་ཉུང་དུ་སོང་བ་དང་། ད་ལྟའི་བར་དུ་ལོ་ངོ4500ནས3500ཡོད་པའི་བར་གྱི་ལོ་ངོ1000གི་ནང་ལ། རྨང་འདིང་མཁན་གྱི་ནུས་སྣང་མངོན་གསལ་བྱུང་བ་ལས། ནས་འདི་མདོ་དབུས་མཐོ་སྒང་དུ་མ་དར་བའི་སྔོན་ལ། ཉུང་མཐའ་ཡང་ལོ་ངོ1000ཡས་མས་ཀྱི་འཕྲོན་མཐུན་རང་བཞིན་གྱི་འདེབས་སྙོར་གོ་རིམ་བརྒྱུད་པ་མཚོན་ཡོད།

ཀུའུ་ཀྲེང་ཆོན་གྱིས་ཀྱང་མིག་སྔར་ནས་ཀྱི་འབྱུང་ཁུངས་ཀྱི་གསང་བ་གཞི་རྩའི་ཆ་ནས་བརྟོལ་ཡོད་ནའང་། དེའི་ཁྱད་ཆོས་རང་བཞིན་གྱི་གཞི་རྒྱུ་དང་མདོ་དབུས་མཐོ་སྒང་གི་མཐོ་གྲང་དང་དབྱང་རླུང་དཀོན་པ། སྨུག་ཕྱིའི་འོད་ཆེ་བ་སོགས་ཀྱི་ཁོར་ཡུག་ཏུ་འཕྲོད་མཐུན་བྱུང་ཚུལ་ལ། ད་དུང་ཞིབ་འཇུག་སྔར་ལས་ལྷག་པ་བྱ་དགོས། མ་འོངས་པ་ལ། གནའ་རྫས་རྟོག་ཞིབ་གསར་བ་དང་རྒྱུད་འཛིན་རིག་པའི་དཔྱད་འབྲས་ཀྱིས་སྔར་ལས་མང་བའི་ཆ་འཕྲིན་འདོན་སྤྲོད་བྱས་ཏེ་ནས་འདི་མདོ་དབུས་མཐོ་སྒང་དུ་ཇི་ལྟར“གཞིས་ཆགས”ནས་འབྲུ་རིགས་གཙོ་བོར་གྱུར་པའི་གསང་བ་ཞིབ་གསལ་ཞིག་ཤེས་ཐུབ་པའི་རེ་བ་ཡོད་ཅེས་གསལ་འདེབས་བྱས་ཡོད།

མདོ་དབུས་མཐོ་སྒང་དུ་ནས་འདི་བྱུང་བའི་སྐོར་ལ། “ནང་འདྲེན་སྨྲ་བ”དང“གཡུང་ཕབ་སྨྲ་བ”ཡི་ལྟ་ཚུལ་གཉིས་ཡོད་ཅིང་། ཀུའུ་ཀྲེང་ཆོན་གྱི་ཞིབ་འཇུག་གིས“ནང་འདྲེན་སྨྲ་བ”ལ་རྒྱབ་སྐྱོར་བྱས་ཡོད། “གཡུང་ཕབ་སྨྲ་བ”ལྟར་ན། རང་རྒྱལ་གྱི་བོད་རིགས་འདུས་སྡོད་ཁུལ་གྱི་འབྲུ་རིགས་གཙོ་བོ་ནས་ནི་ས་ཁུལ་དེ་གའི་རྒོད་སྐྱེས་ནས་གཡུང་ཕབ་བྱས་པ་ལས་དེང་རབས་ཀྱི་ས་གནས་དེ་གའི་འདེབས་སྙོར་རིགས་རྒྱུད་དུ་གྱུར་པ་དང་། ས་གནས་དེ་གའི་རྒོད་སྐྱེས་ཟུར་གཉིས་སོ་བ་དང་རྒོད་སྐྱེས་ཟུར་དྲུག་སོ་བ། བར་གནས་རྣམ་པའི་རྒོད་སྐྱེས་སོ་བ་བཅས་ནི་སོ་བ་འདེབས་སྙོར་གྱི་རྒོད་སྐྱེས་མེས་པོ་ཡིན་ཞིང་། ནས་ཀྱི་འདེབས་སྙོར་ནི་ཕལ་ཆེར་རྡོ་ཆས་གསར་མའི་དུས་དཀྱིལ(ད་ལྟའི་བར་དུ་ལོ་ངོ5000ཡོད་པའི་སྔོན)ལ་ཡིན་པ་དང་། གཙོ་བོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་ཤར་རྒྱུད་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུད་དུ་ཡོད་པ་རེད།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མདོ་དབུས་མཐོ་སྒང་དུ་ནས་ཇི་ལྟར་དར་བ་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

རྩོམ་སྒྲིག་པ། སུང་ཆི།