ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།མི་ཆོས་གླིང་ག
༄༅། ། ཁྱབ་བདག་འཁོར་ལོའི་མགོན་པོ། བཀའ་གདམས་བསྟན་པའི་སྲོལ་འཛིན་རྗེ་བཙུན་བླ་མ་དམ་པ་དཔལ་བཟང་པོ་༧ རྗེ་གྲགས་པ་རྒྱ་མཚོ་མཆོག་གི་རྟོགས་བརྗོད་དཔག་བསམ་ལྗོན་བཟང་།།
ཡོང་ཁུངས། དྲ་རྒྱའི་འཕྲིན་སྟེགས།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-09-05 12:05:00

༄༅། ། ཁྱབ་བདག་འཁོར་ལོའི་མགོན་པོ། བཀའ་གདམས་བསྟན་པའི་སྲོལ་འཛིན་རྗེ་བཙུན་བླ་མ་དམ་པ་དཔལ་བཟང་པོ་༧ རྗེ་གྲགས་པ་རྒྱ་མཚོ་མཆོག་གི་རྟོགས་བརྗོད་དཔག་བསམ་ལྗོན་བཟང་།།

དྷཱིཿ ཚ། བློ་བཟང་བྱང་ཆུབ།

༄༅། །ༀ་ཨཱཿགུ་རུ་བཛྲ་དྷ་ར་ཀཱིརྟི་ས་ར་སརྦ་སིདྡྷི་ཧཱུཾ་ཧཱུཾ། །

ཆོས་དབྱིངས་སྟོན་མཚན་བཻ་ཌཱུར་གུར་ཁང་རྒྱུ་སྐར་གསེར་གྱི་མེ་ཏོག་བཀྲ། །

ཆ་ཤས་ཡོངས་གང་སྤང་དང་རྟོགས་པ་ཆུ་ཤེལ་དབང་བོའི་དཀྱིལ་འཁོར་ལས། །

བརྩེ་ཆེན་འཆི་མེད་བདུད་རྩིའི་ཐིག་ཕྲེང་འོད་དཀར་སྲད་བུ་ལ་འཁྲིལ་ཏེ། །

ལུས་ཅན་ཀུན་དའི་གསོས་སུ་སྨིན་མཛད་རྒྱལ་དང་རྒྱལ་བའི་སྲས་ལ་འདུད། །

དང་པོ་རྣམ་འདྲེན་དབང་བོའི་མདུན་སར་ཐུགས་བསྐྱེད་གསེར་གྱི་པད་མོ་བཞད། །

བར་དུ་བསྐལ་བ་གང་གཱའི་ཆབ་རྒྱུན་ཚོགས་གཉིས་རིན་ཆེན་ཕྱེ་མས་གཏམས། །

ཐ་མར་རྨད་བྱུང་སྤང་དང་རྟོགས་པ་སྟོན་མཚན་ཟླ་བའི་འཕེལ་ཆ་རྫོགས། །

དཔལ་སྟུག་མི་འཇེད་ཞིང་གི་མགོན་པོས་དགེ་ལེགས་མེ་ཏོག་ཆར་དུ་སྙིལ། །

ཚོགས་གཉིས་འོ་མས་བརླན་གྱིས་བཟུང་བའི་ངུར་སྨྲིག་གསེར་གྱི་ལོ་མས་མཛེས། །

བསླབ་གསུམ་ཡལ་གའི་གདང་ལ་འཁྲིལ་བའི་རིག་ཚུལ་མེ་ཏོག་སྟོང་གིས་བརྒྱན། །

འཁོར་ཡུག་གྲགས་པའི་དྲི་བསུང་དཀར་པོས་ཕྱོགས་ཀྱི་རྒྱ་མཚོའི་མཐའ་ལ་ཉུལ། །

དགོས་འདོད་འབྲས་བུའི་དཔལ་ཀུན་འཇོ་བའི་བཤེས་གཉེན་དཔག་བསམ་ལྗོན་པར་འདུད། །

སྔོན་ཚེ་ཐུགས་བསྐྱེད་རིན་ཆེན་ས་བོན་ཁ་བའི་ཞིང་སར་བཏབ་པའི་འཕྲུལ། །

ཚང་ཆེན་བློ་ཡི་གསེར་གྱི་རྭ་བ་རྣམ་པར་འགེང་བའི་སྒྱུ་འཕྲུལ་དབང་། །

དུས་ཀྱི་གོར་མོའི་གཤིས་ལ་བཏབ་པའི་རྟོགས་བརྗོད་ལྷ་ཡི་རི་མོ་འབུམ། །

བསོད་ནམས་ཞིང་དུ་བགྲོད་པའི་སྟེགས་བུར་དད་གསུམ་སོར་མོས་འགྲེམས་ལ་སྤྲོ། །

རྣམ་འདྲེན་ཉིན་བྱེད་སྟོང་གིས་དམ་ཆོས་ཟག་མེད་བདུད་རྩི་འགྱེད་པའི་ཡུལ། །

རྡོར་གདན་ཞེས་གྲགས་ཐུབ་པ་གང་གི་བྱིན་རླབས་དྲོད་ཀྱིས་བཟུང་བའི་གནས། །

དེ་ཡི་བྱང་ན་ཁ་བའི་ས་འཛིན་མུ་ཏིག་ཕྲེང་བའི་སེ་མོ་ཏོ། །

ཡན་ལག་བརྒྱད་ལྡན་མཚོ་དང་མཚེའུ་གཡུ་ཡི་ཕྲ་རྒྱན་བཏབ་པ་ལྟར། །

གསེར་གྱི་ས་གཞི་ནེའུ་གསིང་སྤང་གཤོང་ནེ་ཙོའི་སྒྲོ་ཐུལ་ལྟར་མཛེས་པ། །

འཇོལ་མོའི་གྲེ་འགྱུར་གསེར་གྱི་གླིང་བུས་དྲི་ཟའི་ཡུལ་གྱི་ཁེངས་པ་འཇོམས། །

པད་མ་ཨུཏྤལ་ལྷ་ཡི་གཞོན་ནུར་དྲི་བཞོན་བུ་མོའི་འཁྱུད་པ་ལ། །

འདར་ལྡན་ལུས་ཀྱི་མགོ་ལྕོག་ལྡེམ་ལྡེམ་རབ་ཏུ་མྱོས་པའི་གར་སྟབས་ངོམས། །

ཁྱད་པར་མདོ་སྟོད་ཆོས་ཀྱི་ཞིང་ཞེས་ས་གཞིས་རྒྱུ་སྐར་ཚོགས་བཟུང་བ། །

ཕུན་ཚོགས་སྡེ་བཞིའི་དཔལ་དང་འབྱོར་བས་སུམ་རྩེན་གནས་ལ་སོ་སོར་རྟོགས། །

ཨ་ལྕགས་འབྲུ་ཞེས་བཙན་པོའི་རྩ་འཇིང་དུང་གི་འཁྲི་ཤིང་གཞོན་ནུ་སོགས། །

མཚན་བཟང་གསེར་གྱི་མེ་ཏོག་བཞད་པའི་གཟིགས་པ་རྣམ་ལྔའི་ཡུལ་དུ་དགོངས། །

འགྲོ་བའི་ལེགས་བྱས་དུང་དང་པད་རྩ་ཆུ་ཤེལ་འཁོར་ལོའི་མདངས་འཕྲོག་པའི། །

དབང་གཞུའི་འོག་པག་འཕྲེད་དུ་བླངས་པའི་སྤྲིན་དཀར་གཡོན་མའི་རྒྱ་གྲོལ་ཏེ། །

གཟུགས་སྐུ་མཐོང་གྲོལ་ལོ་ཡི་ཤིང་རྟ་དགེ་ལེགས་མཁའ་ཡི་མཛེས་རྒྱན་དུ། །

གཟི་བྱིན་འབུམ་གྱི་དཔལ་དུ་བཞད་པས་ས་ལ་མངོན་དགའི་མཚན་མས་བཟུང་། །

ན་ཚོད་དང་པོའི་ཐུགས་ཀྱི་ཀུན་གསལ་བྱང་སེམས་ཟླ་བའི་འཕེལ་ཆ་གང་། །

གཟུགས་ཀྱི་ལྕུག་ཕྲན་གསེར་གྱི་སྙེ་མ་ཡོན་ཏན་འབྲས་བུའི་ཁུར་གྱིས་དུད། །

མཚན་བཟང་ཆུ་སྐྱེས་པད་མའི་ལང་ཚོ་མི་མཐུན་ཉེ་ཞོའི་སྐྱོན་གྱིས་བཏང་། །

རྒྱལ་སྲས་ཟླ་གཞོན་གསར་བའི་འཁྲི་ཤིང་སྲིད་གསུམ་ཀུན་དའི་རྒྱན་དུ་ཆེ། །

འཁོར་བ་ལྟོ་འགྲོའི་འགྲམ་པར་འཁྱུལ་བའི་སྲིད་འབྱོར་ཧ་ལའི་ཉལ་འགྲོའི་རྒྱུན། །

ཐར་བ་མེ་ཏོག་གཞོན་ནུའི་སྲོག་ལ་སྟོན་གྱི་བ་མོའི་སྦྱོར་བ་བཞིན་། །

གཟིགས་པས་ངེས་འབྱུང་གསེར་རིའི་ཤིང་རྟས་ཚངས་སྤྱོད་དཔལ་གྱི་སྣང་བའི་མཛོད། །

དྲངས་པས་བསླབ་གསུམ་སྦྲང་རྩིའི་རྒྱལ་མཚན་བཅུད་ལྡན་བདུད་རྩིའི་གཏེར་དུ་གྲུབ། །

ངུར་སྨྲིག་ག་ཤལ་མཛེས་པའི་ཅོད་པན་མཚམས་སྤྲིན་གསར་བའི་ཚོན་པིར་གྱིས། །

བྱང་རྒྱུད་འཛིན་མའི་ངོས་ཀུན་བྲིས་པ་ཁྲིམས་ལྡན་ལི་ཁྲིའི་རྒྱ་མཚོ་ཆེར། །

བཤད་སྒྲུབ་ནོར་བུའི་རྒྱལ་མཚན་མཐོན་པོ་ཆེར་སྙིགས་དུས་ཀྱིས་མ་རྙིང་བ། །

པཎ་གྲུབ་སྟག་སེང་མཇིང་བ་བསྣོལ་བའི་དགེ་ལེགས་བཀྲ་ཤིས་འཁྱིལ་བ་རུ། །

བརྩེ་ཆེན་ཐབས་ཀྱིས་ལམ་ལ་བཀྲི་མཛད་བཤེས་གཉེན་གསེར་རིའི་ཕྲེང་བའི་ཞབས།

དད་གསུམ་སྙིང་གི་པད་མོར་བསྲེས་ཏེ་ལེགས་ཚོགས་ཀུན་གྱི་རྩ་བ་རུ

སྟག་ཏུ་ངུ་ཡིས་ཆོས་འཕགས་ཇི་བཞིན་བསམ་དང་སྦྱོར་བས་གུས་བསྟེན་པས། །

རྣམ་གྲོལ་ལམ་གྱི་འཇུག་སྒོ་དང་པོ་རྟེན་འབྱུང་ཆོས་ཀྱི་དབྱིངས་སུ་ཕྱེ། །

པད་མའི་ཁྱིམ་ལ་འཕུར་ལྡིང་གིས། །

རྣམ་འཕྲུལ་བུང་བའི་ཟློས་གར་བཞིན་།།

ཡིད་ཀྱི་འཆི་མེད་གཞུང་བཟང་གི །

བདུད་རྩིའི་རོ་ལ་སྲེད་པས་གདུངས། །

བརྩོན་པའི་ཆུ་བོ་ལ་འཐུང་བའི། །

རིག་པའི་ཁྱེའུ་གར་སྟབས་ཀྱིས། །

གཙུག་ལག་མེ་ཏོག་འཐུ་བའི་ལས། །

མཚན་ཡང་ངལ་བའི་སྦྱོར་བ་རྩོམ། །

འདོད་ཡོན་ཟས་ལ་ཆོག་ཤེས་ཀྱི། །

དཀྲེན་པའི་སྲང་གིས་རྒྱས་བཏབ་པས། །

ཡན་ལག་པད་མོའི་སྐུད་པ་ལས། །

ཕྲ་བའི་དཀའ་ཐུབ་ཁྱོད་ཀྱིས་བླངས། །

ཤེས་བྱའི་རྒྱུ་སྐར་གྲངས་ཀྱི་མཐའ། །

རྣམ་དཔྱོད་འཁྱོག་ལ་བླངས་མིན་པ། །

སྲིད་མིན་དོགས་པའི་མེས་པོ་ཡང་། །

སེམས་འགྱུ་རྟོགས་པའི་རྒྱ་རུ་ཚུད། །

དྲེགས་ལྡན་ལ་ཐོད་ནོར་བུའི་ཚོགས། །

ཞབས་སྐྱེས་རྡུལ་ལ་མཆོད་བྱས་ཀྱང་། །

བརྩེ་ཆེན་རྣམ་པད་སྒེག་པ་མོས། །

དམན་ལ་ཟུར་མིག་འོད་ཀྱིས་འཁྱུད། །

གྲགས་སྙན་དབྱར་རྔ་སྟོང་གི་སྒྲས། །

སྔོ་བསངས་མཐའ་ཡང་རལ་དོགས་ནས། །

མཁའ་ཡི་གླང་བོ་རྔུལ་བའི་རྒྱུན། །

སྦྲང་ཆར་བསིལ་མའི་བརྫུ་ལ་བསྟེན། །

རིག་བྱེད་ནོར་བུའི་རྒྱན་ཕྲེང་ཀུན། །

ཁྱོད་ལུས་ཁོ་ནར་ཕྱོགས་རྫོགས་པས། །

རྟོག་གེ་ལ་སྦྱང་སྐྱེ་བོ་དག །

མགྲིན་པ་ཡོན་པོས་ཤུབ་བུར་སྨྲ། །

དཀའ་ཐུབ་ལ་བསྟེན་ཡན་ལག་མཆོག །

ཟླ་ཚེས་གསར་བའི་སེན་རིས་འོད། །

འདོད་ཡོན་སྦྲང་རྩི་ལ་སྐམ་པའི། །

ཚོགས་ལ་འཕྱ་བའི་དགོད་པ་བཞིན། །

བཀའ་གདམས་ཆོས་ཀྱི་རྒྱལ་སྲིད་ཀྱི། །

ཁྲི་འཕང་གསེར་གྱི་རྒྱལ་མཚན་རྩེར། །

ཞབས་སེན་ནོར་བུའི་ཏོག་བཀོད་པས། །

ཐུབ་བསྟན་གངས་ལ་ཟླ་འོད་བཞིན། །

ཆོས་དབྱིངས་སྒེག་མོའི་བཞིན་རིས་ལ་མཚར་བའི། །

ཟུར་མིག་ཀྱོ་བ་རྣོན་པོའི་སྒྱུ་འཕྲུལ་གྱིས། །

ཡིད་ཀྱི་གླང་ཆེན་ཁེངས་པ་རབ་བསྙེལ་ཏེ། །

སྒྲུབ་བྱའི་རི་སྐྱེས་རྟེན་འབྱུང་ཞགས་པས་བཟུང་། །

ཏིང་འཛིན་ལྗོན་པའི་རྩ་བ་རྒྱས་པའི་གེགས། །

བྱིངས་རྨུག་ཕག་རྒོད་ནག་པོའི་སྲོག་གི་ཁམས། །

དྲན་ཤེས་སྟག་རྒོད་མཆེ་བའི་གཅོང་རོང་དུ། །

དྲངས་པའི་ཟག་མེད་ཡིད་ཀྱི་ཚོར་བས་མྱོས། །

མན་ངག་གསེར་རིའི་སྤྲིན་དཀར་བ་གམ་ལས། །

ཆ་ཤས་ཡོངས་གང་ཟླ་བའི་བྱང་ཆུབ་སེམས། །

ཞི་བསིལ་ག་བུར་ཟེགས་མས་ལུས་ཅན་གྱི། །

ཀུན་དའི་ཚོགས་ལ་དཔྱིད་ཀྱི་སྣང་བ་བསྩལ། །

བསྡུ་བཞིའི་གསེར་གྱི་ཤིང་རྟར་ཕྱིན་དྲུག་གི །

རིན་ཆེན་བྱང་ཕྱོགས་བདུན་གྱི་ལམ་པོ་ཆེར། །

འགྲོ་བའི་ཞིང་ལ་དྲངས་པའི་རྒྱལ་སྲས་སྤྱོད། །

བསྔགས་པའི་མེ་ཏོག་འོག་མིན་ལྷ་བརྒྱས་གཏོར། །

གཉུག་མའི་སེམས་རྒྱུད་དག་པ་ལྷ་ཡི་ཞིང་། །

རིམ་གཉིས་གསེར་གྱི་སྙེ་མས་ཡོངས་བཀང་བ། །

གྲུབ་པའི་ཟུང་འཇུག་དགའ་སྟོན་ཉིན་རེར་ཡང་། །

བགྱིད་པའི་ལས་འདི་ཕལ་བའི་ཡིད་ལ་བསྐལ། །

དུས་ཀྱི་འཐོར་རླུང་ངམ་ནག་མུན་པའི་ཁྱིམ། །

ཕན་བདེ་རྒྱུ་སྐར་བཙོན་དུ་བཟུང་བའི་ཚེ། །

ཉིད་ཀྱི་བསླབ་གསུམ་སྟེང་འཐུང་དཀར་པོའི་བཞིན། །

མི་མཐུན་ར་རིས་སྐྱོན་གྱི་བཏང་འདི་མཚར། །

འཆད་པའི་ལེགས་བཤད་སྐྱེས་ལ་དབང་འབྱོར་བའི། །

གང་གི་མགྲིན་པ་གཡས་སུ་འཁྱིལ་བའི་དུང་། །

ལྷག་བསམ་དྲི་བཞོན་དབུགས་ཀྱིས་བཞད་པའི་དབྱངས། །

སྔོ་བསང་ཁང་བའི་ཁྱིམ་ཡང་དོག་པར་བྱས། །

ཐུབ་དབང་ཞལ་སྐྱིན་རིགས་ཀྱི་གཙུག་རྒྱན་དུ། །

བཀུར་འོས་ཐུགས་བསྐྱེད་མཛད་པ་ལྷུར་བཞེས་ཏེ། །

རྒྱལ་ཀུན་བརྩེ་བའི་སྒྱུ་འཕྲུལ་ཟ་མ་ཏོག །

མན་ངག་བདུད་རྩིའི་བཅུད་ཀྱིས་བཀང་བར་བྱས། །

ཕྱོགས་བྲལ་ཆོས་ཀྱི་ཁྲི་འཕང་ལ་དབང་བའི། །

མཛད་འཕྲིན་རིན་ཆེན་དོན་ཡོད་ཞགས་པའི་འཕྲུལ། །

གངས་ཀྱི་མུ་ཁྱུད་དཀར་པོའི་མཐོངས་བརྒལ་ཏེ། །

ལྷོ་ཕྱོགས་མཐའ་མེད་རྒྱ་མཚོའི་རླབས་ལ་རྩེན། །

ཙོང་ལ་རིང་མོའི་ལི་ཁྲིའི་ཆུ་གཏེར་དྷཱིཿརོང་བཀྲ་ཤིས་ཆོས་ཀྱི་སྡིངས། །

བྱང་རྒྱུད་ན་ལེན་དྲ་ཞེས་མཚན་སྙན་སྲིད་གསུམ་ཁོངས་ལས་བརྒལ་བའི་སྡེར། །

བརྩེ་ཆེན་སྤྲིན་དཀར་འཁྲུགས་པའི་ཕུང་བོ་ལྷག་བསམ་རླུང་གིས་བསྲུབས་པ་ལས། །

མཐའ་མེད་གདུལ་བྱའི་སེམས་ཀྱི་ཀུན་བཟོད་དམ་ཆོས་སྦྲང་རྩིའི་ཆར་གྱིས་བརླན། །

དད་གསུམ་རིན་ཆེན་གསེར་གྱི་སྙིང་བོ་གཟི་བྱིན་འབུམ་གྱིས་འཁྱུད་པའི་གཞིར། །

རིག་བྱེད་མེ་ཏོག་ནོར་བུའི་ཚོམས་བུ་ཀུན་བཟང་མཆོད་པས་རྒྱས་བཏབ་པ། །

བཀྲ་ཤིས་རེ་ཁཱའི་མཚན་ཁ་མངོན་པའི་སྨོན་འདུན་དར་དཀར་ལྕིབས་དང་བཅས། །

བསྐལ་བར་འབྲལ་མེད་རྗེས་སུ་འཛིན་པའི་གསོལ་འདེབས་སེམས་ཀྱི་རྟེན་དུ་འབུལ། །

ཞེས་ཙོང་ཁའི་ས་འཛིན་མཐོན་པོའི་ལྷ་ཞོལ། རྨ་ཀླུང་གང་གཱའི་སྲིང་མོའི་འགྲམ་རྒྱུད་། བཀའ་གདམས་ཆོས་ཀྱི་དགའ་ཚལ་དྷཱིཿ་ཚ་བཀྲ་ཤིས་ཆོས་སྡིངས་སུ་དམ་པ་གང་གི་བཀའི་ཡང་བྲན་བློ་བཟང་བྱང་ཆུབ་ནས་མགོན་པོ་མཆོག་གི་སྐུའི་གོ་སྟོན་དང་འབྲེལ་བར་གུས་པས་ཕུལ།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། ། ཁྱབ་བདག་འཁོར་ལོའི་མགོན་པོ། བཀའ་གདམས་བསྟན་པའི་སྲོལ་འཛིན་རྗེ་བཙུན་བླ་མ་དམ་པ་དཔལ་བཟང་པོ་༧ རྗེ་གྲགས་པ་རྒྱ་མཚོ་མཆོག་གི་རྟོགས་བརྗོད་དཔག་བསམ་ལྗོན་བཟང་།།

ཡོང་ཁུངས། དྲ་རྒྱའི་འཕྲིན་སྟེགས།

རྩོམ་སྒྲིག་པ། སུང་ཆི།