ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།ཡུལ་སྲོལ།
ཁྲོན་ནུབ་མཐོ་སྒང་གི་དེང་རབས་འབྲོག་པའི་འཚོ་བ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-08-16 16:20:00

པར་འདི་ནི་དཔལ་འབྲུག་གིས་ཆར་ནང་ནས་ནོར་འདེད་བཞིན་པའི་ཚུལ་རེད།

པར་འདི་ནི་ནོར་བུ་སྒྲོལ་མས་ངལ་རྩོལ་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འབྲུག་དང་ཚ་བོ་གཉིས་འབྲོག་ས་ན་ཡོད་པའི་ཚུལ་རེད།

པར་འདི་ནི་ནོར་བུ་སྒྲོལ་མས་གདན་བཟོ་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འབྲུག་གི་བུ་མོ་ཆེ་བས་འོ་མ་བཞོ་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འབྲུག་བཟའ་མི་གང་པོས་ཟ་མ་ཟ་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འབྲུག་གི་མག་པ་དང་ཁོའི་བུ་གཉིས་རེད།

པར་འདི་ནི་དཔལ་འབྲུག་ཚང་གི་ལུད་འཚོང་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འབྲུག་གི་མག་པས་རྟ་ལ་ཆུ་ལྡུག་བཞིན་པའི་ཚུལ་རེད།

དཔལ་འབྲུག་དང་ཁོའི་ཆུང་མ་ནོར་བུ་སྒྲོལ་མ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོ་བན་ཡུལ་གྲོང་ཚོའི་བོད་རིགས་འབྲོག་པ་ཡིན་ལ། ཁོ་ཁྱིམ་མི་བརྒྱད་ལ་རྩྭ་ར་མུའུ2000ལྷག་ཡོད་པ་དང་ནོར་ནག200ལྷག་ཡོད།

དཔལ་འབྲུག་ཚང་གིས་ལོ་རེར་འབྲི་གཡག15ཙམ་བཤའ་བར་མ་ཟད། འོ་མ་རྒྱ་མ་ཁྲི་གཅིག་ས་གནས་ཀྱི“ས་མཐོའི་མཆོག་ནོར”འོ་ལས་ཀུང་སིར་འཚོང་བཞིན་ཡོད་པས། ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི10ལྷག་ཡོད།

ལོ་རེའི་ཟླ6པ་དང་ཟླ11པར། ཁོའི་ཁྱིམ་མི་ཚོས་ནོར་ཁྱུ་གྲོང་ཚོའི་ཐུན་མོང་རྩྭ་རར་དེད་དེ་གཏན་སྡོད་བྱ་ཡུལ་དུ་ཟླ་བ་གཉིས་ལ་འདུག་བཞིན་ཡོད། དུས་ཚོད་གཞན་དག་ནང་ཐག་རིང་གི་རྩྭ་རར་ནོར་ཁྱུ་དང་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད། ཐག་རིང་གི་རྩྭ་སར་ཡང་ལམ་དང་གློག་ཡོད་ཅིང་། ཁྱིམ་དུ་རླངས་འཁོར་གཉིས་ཡོད་པས་ཁོ་ཚོས་རླངས་འཁོར་བསྐོར་ནས་སྤྱི་ལེ40ཙམ་ཡོད་པའི་གཏན་སྡོད་བྱ་ཡུལ་གྱི་ཁྱིམ་དུ་ཕ་མར་ལྟ་རུ་འགྲོ་ཆོག

མཛོད་དགེ་རྫོང་ནི་མིག་སྔར་སྲོལ་རྒྱུན་གྱི་འབྲོག་ལས་ནས་དེང་རབས་ཀྱི་འབྲོག་ལས་ལ་ཚུལ་སྒྱུར་བྱེད་པའི་དུས་སུ་སླེབས་པ་དང་། འབྲོག་ཁྱིམ་སྐོར་ཞིག་གིས་ཕྱུགས་འཚོ་བ་དང་། ར་སྐོར་ནང་ནས་ཕྱུགས་གསོ་བ། གཟན་རྩྭ་དང་གཟན་ཆག་ཁ་གསབ་བཅས“ཟུང་འབྲེལ་གསུམ”གྱི་བྱེད་ཐབས་ལ་བརྟེན་ནས་ཐོན་སྐྱེད་བྱེད་བཞིན་ཡོད། དཔལ་འབྲུག་ཚང་ལ་ཡང་ནོར་ཁྱུར་དྲོད་ཁང་བཟོས་ནས་ཕྱུགས་ལས་གཞན་སྒྱུར་གྱི་བསམ་ཚུལ་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་འོག ས་གནས་དེ་རུ་འབྲོག་པ་སྔར་ལས་མང་པོ་དེང་རབས་ཀྱི་ཕྱུགས་ལས་བགྲོད་ལམ་དུ་རིམ་གྱིས་སྐྱོད་བཞིན་ཡོད། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཁྲོན་ནུབ་མཐོ་སྒང་གི་དེང་རབས་འབྲོག་པའི་འཚོ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། སུང་ཆི།