རྟ་ཐང་རྫོང་གིས་ཤུགས་ཆེན་པོས་མཐོ་སྒང་གི་ལྗང་མདོག་ལུང་པ་བསྐྲུན།

ཡོང་ཁུངས། བོད་ཀྱི་དྲ་བ། ཀླུ་མོ།

ཉེ་བའི་ལོ་འདི་འགར། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་མཐོ་སྒང་ལྗང་བསྒྱུར་འགུལ་སྐྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ལྗང་མདོག་ལུང་པ་དང་དག་གཙང་གྲོང་ཁྱེར་བསྐྲུན་པའི་ཁྲོད་འཇུག་གཞི་དང་འདྲེས་གཞི་ཞིབ་འཚོལ་བྱས་ཤིང་། ནགས་སྲུང་རྩྭ་སྲུང་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། རང་བྱུང་ནགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བྱང་གསུམ་འགོག་སྲུང་ནགས་འཛུགས་སྐྲུན་སོགས་ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་འགོད་དངོས་འབེབས་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་སྤྱི་ཆིང32146ལེགས་འགྲུབ་བྱས་ནས། ནགས་ཚལ་གྱི་ཁེབས་ཚད43%དུ་སླེབས་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་རྫོང་གི་ཨང་དང་པོར་གྱུར་ཡོད། རྨད་བྱུང་གི་རང་བྱུང་སྐྱེ་ཁམས་དང་ཞིང་སྡེའི་ཡུལ་ལྗོངས། སྤྱི་ཚོགས་རིག་གནས་ཀྱི་རྗེས་ཤུལ། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། རྟ་ཐང་རྫོང་གིས་ཤུགས་ཆེན་པོས་གྲོང་གསེབ་ཡུལ་སྐོར་གོང་དུ་སྤེལ་ནས། སྐྱེ་ཁམས་སྤྲོ་གསེང་དང་ཞིང་ལས་ལྟ་སྐོར། ཁམས་གསོའི་གུང་གསེང་། རིག་གནས་ཉམས་ལེན་སོགས་རིགས་དང་རྣམ་པ་མི་འདྲ་བའི་གྲོང་གསེབ་ཡུལ་སྐོར་ཐོན་རྫས་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་ལ་སྔར་བས་སྐུལ་སྤེལ་བྱས།

རྩོམ་སྒྲིག་པ། སུང་ཆི།