གཏེར་ལེན་ཁའི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ཆན་ཝ་ཁྲི605ལས་བརྒལ་བ་དང་ཆན་ཝ་ཁྲི་སྟོང་རིམ་པའི་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་བཞིན་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

2026ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ལ་འགག་རྩའི་འཕེལ་རྒྱས་བྱུང་ཡོད། གྲོང་ཁྱེར་ཡོངས་སུ་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི605བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད་པ་དང་། ད་ལྟ་གཞི་ཁྱོན་ཆན་ཝ་ཁྲི95ཅན་སྐྲུན་པའི་སྒང་རེད།  2030ལོར་བསླེབ་དུས་གྲོང་ཁྱེར་ཡོངས་སུ་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་སྤྱིའི་སྒྲིག་སྦྱོར་གྱི་གཞི་ཁྱོན་ཆན་ཝ་ཁྲི1400ལས་བརྒལ་ཐུབ་པ་བྱས་ནས“ཀྲུང་གོའི་འོད་དྲོད་གྲོང་ཁྱེར”གྱི་ཐོན་ལས་གཞི་རྩ་སྔར་བས་ཇེ་བརྟན་དང་།  འོད་དྲོད་རྐྱང་མའི་དཔེ་སྟོན་ནས“རླུང་འོད་དྲོད་གསོག་ཆིང”གི་འབྲེལ་ཐག་ཡོངས་སྦྲེལ་པའི་བར་དུ་གཏེར་ལེན་ཁ་ཡིས་མྱ་ངམ་ཐང་ཆེན་དུ་གློག་ཁུངས་ཐེག་གསོག་གཞི་གཅིག་ཅན་གྱི་དེང་རབས་ནུས་རྒྱུའི་མ་ལག་བསྐྲུན་པར་བརྩོན་ལེན་བྱེད་འཆར་ཡོད།

གོ་ལ་ཧྲིལ་པོར་སྐྲུན་བཞིན་པའི་མཐོ་ལྕོག་རྣམ་པའི་འོད་དྲོད་རྣམ་གྲངས་ཆེ་ཤོས་ཀྱི་འབྲེལ་མཚམས་ཚད་ལས་བརྒལ་ཡོད། 

ཟླ10ཚེས26ཉིན་མཚོ་སྔོན་ཀྲུང་ཁུང་གཏེར་ལེན་ཁའི་ཆན་ཝ་ཁྲི35ཅན་གྱི་འོད་དྲོད་གློག་གཏོང་དཔེ་སྟོན(ཚོད་ལྟ)རྣམ་གྲངས་གྱི་ཚ་ལེན་མཐོ་ལྕོག་གསུམ་བདེ་བླག་ངང་བཙུགས་ཚར་བ་དང་། དེ་ནི་གོ་ལ་ཧྲིལ་པོར་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་དང་ནུས་གསོག་ཤོང་ཚད་ཆེ་ཤོས་ཀྱི་མཐོ་ལྕོག་རྣམ་པའི་འོད་དྲོད་མཚོན་རྟགས་གློག་གཏོང་དེ་འཛུགས་སྐྲུན་གྱི་གདོང་མཆོང་དུས་མཚམས་སུ་སླེབས་པ་མཚོན།  རྣམ་གྲངས་དེས“མཐོ་ལྕོག་གསུམ་དང་འཕྲུལ་འཁོར་གཅིག”གི་གསར་གཏོད་ཇུས་འགོད་བྱས་ཏེ། ཆུ་ཚོད14རིང་ལ་གསོག་ཐུབ་པའི་ཚད་བརྒལ་གསོག་ནུས་ཀྱི་ལེ་ལག་ཆ་ཚང་བ་བསྒྲིགས་པ་དང་།  ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར55.67བཏང་ལ། 2027ལོའི་ཟླ12པར་དྲ་སྦྲེལ་བྱ་རྩིས་ཡོད།  དེ་གྲུབ་རྗེས་ལོ་རེའི་གློག་གཏོང་ཚད་ཆན་ཝ་དུང་ཕྱུར9.85ལ་ཟིན་རྒྱུ་ཡིན་པ་རེད།   དེ་དང་ཆབས་ཅིག་ཀྲུང་གོའི་ཆན་ཝ་ཁྲི100ཡི་འོད་རླུང་ནུས་གསོག་གཞི་གཅིག་ཅན་གྱི་ལས་གཞི་སྙོམས་སྒྲིག་གི་ལས་གཞི་མགྱོགས་པོར་གྲུབ་པར་སྐུལ་འདེད་བཏང་སྟེ།  རྒྱལ་ཡོངས་ཀྱི་ཚ་གསོག་རྣམ་པའི་འོད་དྲོད་གསོག་མཐོ་ཚད་སྙོམས་སྒྲིག་ལས་གྲྭ་ཆེ་ཤོས་ཤིག་མགྱོགས་པོར་གྲུབ།  གཏེར་ལེན་ཁའི་འོད་དྲོད་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་སྔ་གཞུག་ཏུ་ཚན་ཞིབ་ཞིབ་འཇུག་བྱ་གཞི10ལྷག་ཙམ་ལ་འགན་འཁུར་ཏེ།  འོད་བསྡུ་ཞིབ་ཚད99.5%དང་།  འོད་དྲོད་གཞན་སྒྱུར་གྱི་ལས་ཕྱོད48%སོགས་ཀྱི་གནད་འགག་གི་ལག་རྩལ་ཁག་ཅིག་གི་འགག་སྒོ་གཏོར་ནས་ཆེད་ཁེ60བླངས།

གནོད་མེད་གློག་ཤུགས་གྱིས་ཆིང་བཟོ་དང་རྩིས་ནུས་གསལ་འབྱེད་ས་གནས་རང་གི་བར་མཐོངས་སུ་སྒྱུར་བ།

ཀ་ཧའེ་ཤར་གྱི་འབྱུང་འཕྲོད་གློག་ཤུགས་ཐད་སྦྲེལ་ཁུལ་ལ་བརྟེན་ནས་གཏེར་ལེན་ཁ་ཡིས་གནོད་མེད་གློག་ཤུགས་དེ་གནས་རྐྱང་བ་ནས་ཐད་ཀར་ས་ཁོངས་ཡོངས་སུ་མཁོ་འདོན་བྱེད་པའི་རིམ་སྤར་ཁྱབ་གདལ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།  ཧྭ་གློག་གཏེར་ལེན་ཁ་ཡི་ཆན་ཝ་ཁྲི100ཅན་དང་། འོད་གསོག་ཀྲའོ་ཝ3ཅན་གྱི་འོད་ཤུགས་ཆིང་བཟོ་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར40ལས་བརྒལ་ཡོད་ཅིང་། དེ་ནི་ཀྲུང་གོའི་ས་བབ་མཐོ་སར་འོད་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཐོག་མ་དེ་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་གནོད་མེད་གློག་གློག་ཤུགས་ཀྱིས་ཆིང་བཟོ་བའི་ཚོད་ལྟ་ཐོག་མ་ཡང་རེད།  ཧྭ་གློག་གཏེར་ལེན་ཁའི་ཀྲའོ་ཝ3ཅན་གྱིPEMགློག་འབྱེད་ཆུས་ཆིང་བཟོ་དཔེ་སྟོན་རྣམ་གྲངས་གྱི་ཐོན་སྐྱེད་ནུས་ཚད་ལོ་རེར་ཏུན153ཟིན་པ་དང་། འོད་ཤུགས་གློག་ཚད་ལྷག་མས་ཆིང་བཟོ་ཐུབ་པ་མངོན་དུ་འགྱུར་ནས་བཟོ་ལས་མངའ་ཁོངས་གྱི་གནོད་མེད་ཆིང་བསྡུ་ལེན་རྣམ་པ་རགས་ཙམ་ཆགས།  གནོད་མེད་ཤར་བགྲོད་རྩིས་ནུས་མངའ་ཁོངས་སུ་ཧའེ་ཏེ་རིག་རྩིས་ཐོན་ལས་གླིང་མགྱོགས་པོར་བསྐྲུན་པ་དང་། ས་གནས་དེ་གའི་ནུས་རྒྱུ་གཙང་མ་དང་བསིལ་གྲང་ཅན་གྱི་མཁའ་དབུགས་ལ་བརྟེན་ནས་ནུས་རྒྱུ་ཁུངས་འདེད་བསྡུར་ཚད90%ལས་མི་ཉུང་བའི་གནོད་མེད་ཤར་བགྲོད་རྩིས་ནུས་ལྟེ་གནས་བཏོད།  ཧྭ་གློག་ནན་པའོ་ཡི་རྣམ་གྲངས་ལྟེ་བའི་དཔེ་སྟོན་དུ་བཟུང་སྟེ། གནོད་མེད་ཚྭ་འགྱུར་བཟོ་ལས་དང་།  ནུས་རྒྱུ་གཙང་མ་སྒྲིག་ཆས་བཟོ་སྐྲུན།  གནོད་མེད་རྩིས་ཤུགས་གླིང་ཁུལ་བཅས་ཀྱི་ལྗང་མདོག་གློག་ཤུགས་ཐད་སྦྲེལ་ཚོད་ལྟ་དུས་གཅིག་ཏུ་སྤེལ་འགོ་ཚུགས།    

ནུས་རྒྱུའི་མཐོ་ས་ནས་ཐོན་ལས་མ་ལག་བར་གྱི་ཐཱན་མེད་གཞན་བསྒྱུར། 

གཏེར་ལེན་ཁས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1720ནུས་རྒྱུ་གསར་པའི་ཆེད་སྤྱོད་པའི་ས་ཁོངས་སུ་བཅད་དེ། 34GWཐེག་ཐུབ་པའི་རྣམ་གྲངས་གསར་སྤེལ་བྱས་པ་དང་།  གཙོ་གནད་ཁུལ་ཆེན་པོ་ལྔའི་བྱེད་ནུས་ཁ་གསལ་བཟོས་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་ནི།  ཐོན་སྒོ་ནུབ་ཁུལ་དུ་འོད་དྲོད་གསོག་འཇོག་གཞི་གཅིག་ཅན་གྱི་ལྟེ་བའི་དཔེ་སྟོན་ཁུལ་གཏོད་དེ།  ཀ་ཧའེ་ལྷོ་ཁུལ་དུ་རླུང་འོད་གསབ་རེས་གཅིག་སྡུད་ཐོག་སྐྱེལ་བའི་གཞི་ཁྱོན་ཅན་གྱི་འོད་དྲོད་གཅིག་སྡུད་གསོག་འཇོག་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  ཧ་ལ་མཚེའུ་རླུང་གློག་ཁུལ་གྱིས་མཚོ་ནུབ་བྱང་རྒྱུད་ཀྱི་རླུང་གློག་འཕར་སྣེ་གསར་པ་སྐྱེད་སྲིང་བྱེད་པ་དེ་རེད། 2026ལོའི་ཟླ9པར་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གཏེར་ལེན་ཁའི་བཟོ་ལས་གླིང་དེ་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་བཞག  གཏེར་ལེན་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་གྱི་གསར་བཟོ་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་ཐཱན་མེད་རྩིས་ཤུགས་དང་། ལྗང་ཆིང་བཟོ་སྐྲུན་གྲ་སྒྲིག་དང་བཀོལ་སྤྱོད་ལ་སོགས་པའི་འགྲན་ལམ་གསར་པ་སྔ་མོ་ནས་བཀོད་སྒྲིག་བྱས།  ཟླ10ཚེས22ཉིན“མྱ་ངམ་ཐང་དུ་བློ་སེམས་གཅིག་གིས་གློག་བཟོའི་ལམ་བུ་གསར་པ་གཏོད”ཅེས་པའི་གླིང་ཁུལ་དང་གློག་དྲ་མཉམ་འཛུགས་ཀྱི་ལྟ་སྦྱོང་བརྗེ་སྤེལ་བྱེད་སྒོ་གཏེར་ལེན་ཁ་རུ་བསྡུས།  རྒྱལ་ཁབ་གློག་དྲ་མཚོ་ནུབ་གློག་འདོན་ཀུང་སི་དང་གླིང་ཁུལ་གྱིས་གནོད་མེད་གློག་འདོན་སྤྲོད་དང་ཐོན་ལས་ནུས་སྤྱོད་བར་ལ་འབྲེལ་ཐག་སྔས་ལས་ཡངས་པ་ཞིག་བཏོད།  ད་ལྟ་མཚོ་ནུབ་ས་ཁུལ་དུ་འོད་དྲོད་དང་ནུས་གསོག་གློག་ཚུགས70ལྷག་བསྐྲུན་ཡོད་ཅིང་། དེས་གནོད་མེད་གློག་རྒྱུན་ཆད་མེད་པར་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྒྱུར་བཞིན་ཡོད།

ཆན་ཝ་ཁྲི605ནས་མགོ་བརྩམས་ཏེ། 2030ལོའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི1400ཅན་ཤོང་ཐུབ་པའི་དམིགས་ཚད་ཕྱོགས་སུ་བསྐྱོད་དེ། ནུས་ཤུགས་ཡོད་རྒུས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱས། གོ་ལ་ཧྲིལ་པོའི་མཆོད་རྟེན་རྣམ་པའི་འོད་དྲོད་རྣམ་གྲངས་ཆེ་ཤོས་དོན་འཁྱོལ་འཛུགས་སྐྲུན་བྱས་པ་ནས་གནོད་མེད་གློག་ཤུགས་གྱིས་ཆིང་བཟོ་བ་དང་གནོད་མེད་རྩིས་ནུས་ཀྱིས་ས་གནས་དེ་གར་བསྡུ་ལེན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བའི་བར་དུ།  གཏེར་ལེན་ཁ་ཡིས་མྱ་ངམ་ཐང་དུ“འོད་དྲོད་ཀྱིས་སྣེ་ཁྲིད་དང་། ནུས་མང་གསབ་རེས། ཐོན་ལས་མཉམ་འདྲེས”བཅས་ཀྱི་ནུས་རྒྱུ་གཙང་མ་འཕེལ་པའི་ཐབས་ལམ་བཏོད་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་གཏོད་པར་འདྲ་བཟོ་བྱེད་ཆོག་པའི“གཏེར་ལེན་ཁའི་མ་དཔེ”མཁོ་འདོན་བྱས་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།