གྲུབ་འབྲས་དང་རེ་བ་ལྡན་པའི་གསེར་གྱི་སྟོན་ཁར་དགེ་རྒན་དུས་ཆེན་ཐེངས42པ་འཆར་ཉེར་ཡོད་པས་མཚོ་སྔོན་གྱི་སློབ་གསོའི་འཐབ་ཕྱོགས་སུ་དཀའ་སྤྱད་འབད་བརྩོན་བྱེད་མཁན་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་ཡིན།
དགེ་རྒན་ནི་རང་ཉིད་འཚར་ལོངས་ཡོང་བའི་ལམ་ཁྲིད་པ་ཞིག་ཡིན་ཞིང་། བློ་གྲོས་ཀྱི་འོད་ཟེར་ལ་བརྟེན་ནས་རྨོངས་རྨོངས་སེལ་བ་དང་། དེ་བས་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཕུགས་འདུན་མངོན་འགྱུར་བྱེད་མཁན་ཞིག་ཡིན་པ་དང་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་ཀྱི་རྐང་འཛིན་གསོ་སྐྱོང་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་འཕེལ་རིམ་ཁྲོད་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་དུ་གཏན་འཁེལ་བྱས་པ་དེ་ནི་སློབ་གསོའི་གནས་བབ་གཏན་འཁེལ་གཏིང་ཟབ་བྱས་པ་ཞིག་ཡིན་པ་མ་ཟད། རྒྱ་ཆེའི་དགེ་རྒན་ཚོགས་སྤྱིའི་འགན་འཁྲི་འཁུར་བའི་དུས་རབས་ཀྱི་མངགས་བཅོལ་གལ་ཆེན་ཞིག་ཀྱང་རེད།
མཚོ་སྔོན་གྱི་ངོས་ནས་བརྗོད་ན། མཐོ་སྒང་ས་ཁུལ་དང་། ནུབ་རྒྱུད་ས་ཁུལ། མི་རིགས་ས་ཁུལ། དར་རྒྱས་འགྲོ་འགོར་བའི་ས་ཁུལ་བཅས་གཅིག་ཏུ་འདུས་པ་ནི་ཞིང་ཆེན་གྱི་གནས་ཚུལ་དངོས་ཡིན། འོན་ཀྱང་དེ་དང་ཆབས་ཅིག་མིག་སྔར་མཚོ་སྔོན་དེ་འཐབ་ཇུས་གནས་བབ་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བའི་དུས་སྐབས་དང་། སྐྱེ་ཁམས་ལེགས་ཆ་འགྱུར་ལྡོག་གཏོང་བའི་འགག་རྩའི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོ་རུ་གཏོང་བའི་དུས་སྐབས་བཅས་སུ་སླེབས་ནས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་ སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་འཕེལ་རིམ་ཁྲོད་ཤེས་ལྡན་མི་སྣ་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པ་དང་སློབ་གསོ་ནི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་རེད། དེའི་ཐད་མཚོ་སྔོན་གྱི་ངོས་འཛིན་གསལ་པོ་དང་གསལ་པོ་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཆེད། ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་དགེ་རྒན་དུས་ཆེན་མ་སླེབས་གོང་མཐོ་སློབ་དང་། ལས་རིགས་སློབ་གྲྭ སློབ་ཆུང་བཅས་སུ་སོ་སོར་བསྐྱོད་དེ་འཐབ་ཕྱོགས་དང་པོའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་འཚམས་འདྲི་གནང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གི་ལྟ་ཕྱོགས་བརྒྱུད་གྲོང་གསེབ་ཀྱི་སློབ་ཁྲིད་ས་ཚིགས་ནས་མཐོ་རིམ་སློབ་གསོའི་མདུན་གྲལ་གྱི་གསར་གཏོད་འགག་སྒྲོལ་བར་མངོན་གསལ་དོད་པོས་བཏོན་པ་དང་། རྨང་གཞིའི་སློབ་གསོའི་རྨང་གཞི་བརྟན་པ་ནས་ལས་རིགས་སློབ་གསོའི་རྩལ་ནུས་རྒྱུན་འཛིན་བར་མཚོ་སྔོན་གྱི་དགེ་རྒན་ཚང་མའི་ཆེད་ལས་ཆུ་ཚད་དང་ལས་རིགས་ཀྱི་བརྩེ་སེམས་ཚང་མས་སློབ་མའི་བསམ་པའི་རྣམ་པ་དང་ནུས་པ་གསོག་འཇོག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རིམ་པ་མི་འདྲ་བའི་སློབ་གསོས་མཚོ་སྔོན་གྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཁྱད་པར་ཅན་གྱི་འཐབ་ཇུས་ལས་འགན་འཁུར་བཞིན་ཡོད་མོད། འོན་ཀྱང་ལས་འགན་ཚང་མ་ལེགས་གྲུབ་ཡོང་བར་སྔོན་འགྲོའི་ཆ་རྐྱེན་གཅིག་འདྲ་དང་ཁ་འབྲལ་ཐབས་མེད་པ་སྟེ། མཐོ་སྒང་ལ་རྩ་བ་ཚུགས་པ་དང་། ལས་སྒོ་རྩེར་སོན་པ། གྲུབ་ཆ་ལུགས་མཐུན་བཅས་ཀྱི་རང་ཡུལ་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ཡིན་ཞེས་བརྗོད་ཆོག
མིག་སྔར་མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་གྲོང་ཁྱེར་དང་གྲོང་གསེབ་དབར་དང་། ས་ཁོངས་དབར། སློབ་གྲྭ་དབར་བཅས་ཀྱི་ཧེ་བག་སྔར་བཞིན་གནས་ཡོད། ལྷག་པར་དུ་རོང་འབྲོག་ཁུལ་གྱི་སློབ་གྲྭས་ཕུལ་བྱུང་དགེ་རྒན་འཇོག་མི་ཐུབ་པ་དང་། རིག་ཚན་ཁག་ཅིག་གི་དགེ་རྒན་གྲུབ་ཆའི་རང་བཞིན་དཀོན་པ། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་འགྲོ་ལམ་རྒྱ་ཆེར་གཏོང་དགོས་པ་སོགས་ཀྱི་གནད་དོན་ནི་སྔར་བཞིན་སློབ་གསོ་དྲང་གཞག་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཚོད་འཛིན་བཟོ་བའི་དངོས་ཡོད་ཀྱི་འགྲན་སློང་ཞིག་ གནད་དོན་དེ་དག་ཐག་གཅོད་བྱེད་པར་བརྩེ་སེམས་ཀྱི་འབོད་སྐུལ་ཁོ་ནར་བརྟེན་མི་རུང་བར་དེ་བས་ཀྱང་མ་ལག་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་དགོས། དགེ་རྒན་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཆེད་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་ཤར་བགྲོད་ཐུབ་པ།གདེང་འཇོག་དང་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས། ལྷག་པར་དུ་དཀའ་ཚེགས་ཆེ་བའི་མཐའ་ཁུལ་གྱི་དགེ་རྒན་ལ་གོ་མིང་ཞིབ་དཔྱད་དང་ཐོབ་ཐང་འགན་ལེན་སོགས་ཀྱི་ཐད་ངོ་བོའི་རང་བཞིན་གྱི་གཟིགས་སྐྱོང་བྱས་ཏེ་བརྟན་སྲུང་བྱེད་མཁན་ལ་ལ་རྒྱ་ཡོད་པ་དང་། ལེགས་སྐྱེས་འབུལ་མཁན་ལ་དྲིན་ལན་ཐོབ་པ། ཕུལ་བྱུང་བྱེད་མཁན་གནས་ཐུབ་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག་དགེ་རྒན་རང་ངོས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་འཛུགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་བཅས་བྱས་ཏེ་སློབ་མར་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་མི་སྒེར་གྱི་འཚར་ལོངས་དང་ས་ཁོངས་འཕེལ་རྒྱས་དབར་གྱི་འབྲེལ་བར་རྗེས་དཔག་ངང་ངོས་འཛིན་ཐུབ་པ་བྱས་ཏེ་སློབ་གྲྭ་ནས་ཐོན་རྗེས་སྣོད་བཅུད་སྲུང་སྐྱོང་དང་། ཐོན་ལས་རིམ་སྤོར་། གྲོང་གསེབ་དར་རྒྱས་སོགས་གཡུལ་ས་གཙོ་བོའི་ནང་ཧུར་ཐག་ཞུགས་ཐུབ་པ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་བྱས་རྗེས་འཇོག་དགོས།
དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ནི་དགེ་རྒན་གསོ་སྐྱོང་ཡག་པོ་བྱེད་པའི་བསམ་པའི་ དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་དེ་མི་སྒེར་གྱི་ལས་དབང་དང་འབྲེལ་བ་ཡོད་པ་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཕུགས་ཀྱི་འགྲན་རྩོད་ནུས་པ་དེ་བས་གཏན་འཁེལ་བྱེད་ཀྱི་ཡོད། དགེ་རྒན་དུས་ཆེན་འཛུགས་པའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། འོན་ཀྱང་གུས་བཀུར་དེ་དུས་ཆེན་གྱི་མེ་ཏོག་སོས་པ་དང་ཐལ་མོའི་རྡེབ་སྒྲ་ཁོ་ནར་གནས་མི་རུང་བར་སྤྱི་ཚོགས་ཡོངས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་གི་ངོས་འཛིན་གཅིག་མཐུན་དུ་འགྱུར་བ་བྱེད་པ་དང་འབྲེལ་རྒྱུན་གཏན་གྱི་དགེ་རྒན་ལ་བརྩི་འཇོག་དང་།བསམ་ཤེས།ལས་དོན་གཞོགས་འདེགས་བཅས་ཀྱི་ཁྲོད་དོན་འཁྱོལ་བྱེད་དགོས། ཁྱིམ་ཚང་གིས་ངག་བྱ་སྤྱོད་སློབ་ཁྲིད་བྱས་ཏེ་ཕྲུ་གུ་རྣམས་དགེ་རྒན་ལ་སྙིང་ཉེ་དང་ཆོས་ལུགས་ལ་ཡིད་ཆེས་བྱེད་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱིས་དར་སྲོལ་གསོ་སྐྱོང་བྱས་ནས་དགེ་རྒན་གྱི་སྙན་གྲགས་ཆེ་རུ་གཏོང་བ་དང་ཡིད་ཆེས་དང་ཁོང་ཡངས་གང་ལེགས་བྱེད་དགོས། སྲིད་གཞུང་གིས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་རྒན་གྱི་ཐོབ་ཐང་དང་གནས་བབ་མཐོ་རུ་ཏན་ཏིག་བཏང་ནས་ཁོང་ཚོའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་སློབ་ཁྲིད་བྱེད་པ་དང་བློ་བདེ་པོའི་ངང་ “དགེ་རྒན་ལ་བརྩི་བཀུར་བྱེད་པ”དེ་སྤྱི་ཚོགས་སེམས་ཁམས་ཀྱི་གཏིང་ཟབ་པའི་རྨང་གཞི་ཞིག་ཏུ་གྱུར་ཚེ།“སློབ་གསོར་མཐོང་ཆེན་བྱེད་པ”དེ་གཞི་ནས་རྒྱུན་མཐུད་དང་སྲ་ཞིང་བརྟན་པའི་ནང་སྐྱེས་སྒུལ་ཤུགས་ལྡན་ཐུབ།
ཁྲིད་སྟེགས་ནི་རྒྱལ་ཁབ་ཀྱི་ལས་འགུལ་དང་དམངས་འཚོ་ལ་འབྲེལ་པ་ཡོད་ལ། ས་སྨྱུག་གཅིག་གིས་དུས་རབས་སྟོང་གི་བྱ་གཞག་རླབས་པོ་ཆེ་བྲིས། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ང་ཚོས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་སྣེ་ཁྲིད་དུ་བྱས་ཏེ་རང་སེམས་ཆེན་པོ་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་ས་གཤིན་དུ་རྩ་བ་ཚུགས་པ་དང་། སློབ་སྦྱོང་ཧུར་བརྩོན་དང་ལག་ལེན་བརྩོན་པ། བདེན་འཚོལ་གསར་གཏོད་བཅས་བྱས་ཏེ་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་བདེ་སྐྱིད་ཀྱི་རྩ་བ་བརྟན་པོ་འཛུགས་པ་དང་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།