མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཐཱན་རྩེ་མོར་སླེབས་པ་དང་ཐཱན་བར་སྙོམས་ཀྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ལ་བརྟེན་ནས་བཟོ་ལས་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། ཞིང་ཆེན་གཞུང་ཁོངས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནུས་རྒྱུ་ཅུས་བཅས་དང་མཉམ་འབྲེལ་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་དང་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(ཚོད་བསྟར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ལས་རིགས་དང་དུས་མཚམས་དབྱེ་ནས་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏང་ནས་2030ལོར་སླེབས་སྐབས་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་མ་ལག་ཁྱོན་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་མེད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་རྒྱུ་རེད།
《ཇུས་གཞིའི》བཀོད་སྒྲིག་གཞིར་བཟུང་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐཱན་མེད་ཕྱོགས་སྒྱུར་ལས་དོན་དེ་དུས་མཚམས་གསུམ་ལ་དབྱེ་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་ར 2026ལོ་ནས་བཟུང་ལིས་གློག་སྨན་དང་། འོད་ཤུགས། གློག་རྡུལ་གློག་ཆས། ཡང་བའི་བཟོ་ལས། འཕྲུལ་ཆས། རྩིས་ཤུགས་སྒྲིག་བཀོད་སོགས་ལས་རིགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་རྒྱུ་ཡིན་པ་རེད། 2028ལོ་ནས་བཟུང་ཐཱན་མེད་བཟོ་གྲྭ་གསོ་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་ངར་ལྕགས་དང་། མདོག་ལྡན་ལྕགས་རིགས། རྡོ་སྣུམ་རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ། འཁལ་འཐག་སོགས་ལས་རིགས་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་ཆེར་གཏོང་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ལས་རིགས་ཚང་མར་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། 2030ལོར་སླེབས་སྐབས་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ་དང་། སྐྱེད་སྲིང་ཚད་གཞི་དང་། ལག་རྩལ་འདེགས་སྐྱོར། དོ་དམ་བྱེད་སྟངས། ཚོང་ལས་བྱེད་སྟངས་བཅས་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་མེད་རིགས་བསྒྱུར་ལ་ཕན་འབྲས་ཐོབ།
ཚན་རིག་དང་མཐུན་པའི་ཐཱན་རྩིས་རྒྱག་དང་། འབྱུང་ཁུངས་ནས་ཐཱན་ཉུང་གཏོང་། བརྒྱུད་རིམ་ཐོག་ཐཱན་འདོར་བ། རིག་ནུས་ཐོག་ནས་ཐཱན་ཚོད་འཛིན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དམིགས་ནས་གཙོ་གནད་འཛུགས་སྐྲུན་གྱི་ལས་འགན་ 《ཇུས་གཞིའི》ནང་ཐཱན་འབུད་ཞིབ་རྩིས་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ནུས་རྒྱུ་ཚད་འཇལ་ཡོ་བྱད་ཆ་ཚང་སྒྲིག་སྦྱོར་བྱེད་པ། ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་དོ་དམ་སྒྲིག་གཞི་ཆེད་གཉེར་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཐཱན་འབུད་གྲངས་གཞི་བདེན་པ་དང་ཡང་དག་དང་ཁུངས་འདེད་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། ས་གནས་དེའི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་ནས་ཁྱབ་ཚུལ་རྣམ་པའི་འོད་ཤུགས་དང་སྐྱེ་དངོས་དངོས་རྫས་ཀྱི་གློག་གཏོང་གཙང་མའི་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དང་། ས་མཐོའི་བཟོ་ལས་ཀྱི་ལྗང་མདོག་གློག་དྲ་ཆུང་གྲས་གཏོད་པ། ལྗང་ཆིང་དང་ལྗང་གློག་མཉམ་དུ་ནུས་འདོན་བྱེད་སྟངས་འཚོལ་ཞིབ་ ཐོན་སྐྱེད་བཟོ་རྩལ་སྒྲིག་ཆས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་འབེབས་སྒྱུར་བཀོད་ལག་བསྟར་བྱེད་པ། ཕན་འབྲས་ཆུང་རྗེས་ལུས་ཀྱི་སྒྲིག་ཆས་འདོར་བ། ཐཱན་ཉུང་དང་བསྐྱར་སྐྱེས་མ་བཅོས་རྒྱུ་ཆའི་ཚབ་བྱེད་ལག་རྩལ་སྤྱད་དེ་བཟོ་ལས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས།
དེ་དང་ཆབས་ཅིག་ཁེ་ལས་ཀྱིས་ཐཱན་འཛིན་པ་དང་། བེད་སྤྱོད། བཀག་སྡོམ་ཉར་ཚགས་བཅས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་ནུས་རྒྱུ་གྲོན་ཆུང་དང་ཐཱན་གཅོག་དང་ཐོན་ཁུངས་ ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་དབྱེ་ཞིབ་བྱས་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་ཐཱན་འབུད་པའི་ལྷུ་ཚིགས་ངོས་འཛིན་བྱས་ཏེ་ཐོན་རྫས་ཇུས་འགོད་དང་ཐོན་སྐྱེད་བཟོ་རྩལ་རྒྱུན་མཐུད་ངང་ལེགས་སུ་གཏོང་ ཐཱན་མེད་པའི་མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ་ཁྱབ་གདལ་བཏང་ནས་ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་མཐུན་སྦྱོར་གྱིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་ཁྲིད་བྱས་ཏེ་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐཱན་འབུད་ གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲངས་གཞི་ཅན་གྱི་ཐཱན་ནུས་དོ་དམ་སྟེགས་བུ་བསྐྲུན་པ། བཟོ་གྲྭ་ཡོངས་ཀྱི་ཐཱན་ནུས་གྲངས་གཞིའི“རི་མོ་གཅིག”བསྐྲུན་པ། མིས་བཟོས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་སྤྱད་དེ་མ་ལག་གྲངས་གཞིའི་བཀག་རྒྱ་གཏོད་པ། “ལས་རིགས་དང་རྒྱུ་ནོར་གྱི་ཐཱན་ནུས་”ཀྱི་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བཅས་བྱེད་དགོས།
《ཇུས་གཞིའི》ནང་ཐཱན་ཁ་འཐབ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། “ཉུང་གཏོང་གང་ཐུབ་ཉུང་གཏོང་དང་རྒྱུན་མཐུད་མཐོ་རུ་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁེ་ལས་ཀྱིས་བཟོ་གྲྭར་བཙོག་འབུད་གཏན་ནས་མེད་པར་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་གི་བགོ་བྱའི་བཅད་འབོར་དང་རྒྱལ་ཁབ་ཀྱིས་དཔང་ཡིག་ཞིབ་དཔྱད་བྱས་ནས་རང་མོས་ངང་བཙོག་འབུད་ཉུང་གཏོང་བྱེད་ཚད་སོགས་སྤུས་ཚད་མཐོ་བའི་ཐཱན་ཡིད་རྟོན་གྱིས་སྔོན་ལ་ཁ་འཐབ་གཏོང་བ་དང་། ཐོ་ཁོངས་ནས་སུབ་པའི་དཔང་ཡིག་ཆ་ཚང་ཉར་ཚགས་བྱས་ཏེ། “ཐཱན་མེད་ རྒྱུན་རྣམ་ཅན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱིས་རང་འགུལ་ངང་ཐཱན་མེད་པའི་འཛུགས་སྐྲུན་ཇུས་གཞི་དང་ལོ་འཁོར་གྱི་རང་དཔྱད་སྙན་ཞུ་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱེད་པ་དང་། སྤྱི་དམངས་དང་། ལས་རིགས་མཐུན་ཚོགས། ཕྱོགས་གསུམ་པས་ལྟ་སྐུལ་བྱས་ནས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཕྱི་གསལ་ནང་གསལ་དང་ཕན་འབྲས་དོན་དངོས་ཡིན་པའི་འགན་སྲུང་བྱེད་དགོས།
ལས་དོན་དོན་འཁྱོལ་ཡོང་བའི་འགན་ལེན་བྱ་ཆེད། རང་ཞིང་གིས་སྡེ་ཚན་མང་པོའི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་བཙུགས་ནས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་སྣེ་ཁྲིད་དེ་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་སྒྱུར་བཅོས་དང་། སྐྱེ་ཁམས་ཁོར་ཡུག གཞུང་ཁོངས་མ་རྩ། ནུས་རྒྱུ་སོགས་ རྒྱལ་ཁབ་ཀྱི“གལ་ཆེན་གཉིས”དང་“གསར་གཉིས”དང་དེ་བཞིན་ཞིང་ཆེན་རིམ་པའི་བཟོ་ལས་རིགས་བསྒྱུར་རིམ་སྤོར་སོགས་ཀྱི་མ་དངུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རྣམ་གྲངས་འཛུགས་སྐྲུན་དང་ནུས་ཁུངས་གྲོན་ཆུང་དང་ཐཱན་འབེབས་ལག་རྩལ་སྒྱུར་བཀོད་སོགས་ཀྱི་ དངུལ་རྩའི་ལས་ཁུངས་ཀྱིས་ལྗང་མདོག་ཡིད་རྟོན་དངུལ་བུན་དང་། ལྗང་མདོག་བུན་འཛིན། ལྗང་མདོག་འགན་བཅོལ་སོགས་དངུལ་རྩའི་ཐོན་རྫས་གསར་གཏོད་དང་འདོན་དགོས། དེ་དང་ཆབས་ཅིག་ལོ་གཉིས་ནས་ལོ་གསུམ་བར་གྱི་གསོ་སྐྱོང་དུས་འཁོར་དོ་དམ་ལག་བསྟར་བྱས་ནས་ཞིབ་བཤེར་རྩིས་ལེན་དང་འགུལ་རྣམ་ཕྱིར་འཐེན་ལམ་སྲོལ་ནན་པོ་བཙུགས་ཏེ་མྱུར་ཚད་རྗེས་ལུས་ཡིན་པ་དང་གསོ་སྐྱོང་སྤུས་ཚད་བླང་བྱ་དང་མ་སླེབས་པའི་ཁེ་ལས་དུས་ཐོག་ཏུ་གཙང་སེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཐཱན་མེད་རིགས་སྒྱུར་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་སྲུང་བྱེད་དགོས།