ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྒོ་ཁྲལ་སྤྱི་ཁྱབ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ་སུན་མེ་ཅུན་ལ་ཐུགས་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་སྒོ་ཁྲལ་སྤྱི་ཁྱབ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ་སུན་མེ་ཅུན་སོགས་ལ་ཐུགས་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སུན་མེ་ཅུན་སོགས་ལ་དགའ་བསུ་བྱས་པ་དང་། སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ། མི་རིགས་ཀྱི་ཞིང་ཆེན་ཆེན་པོ་བཅས་ཡིན་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་གནས་མཚམས་གལ་ཆེན་དུ་ཡོད་པས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་དང་མཉམ་སྐྲུན་བྱེད་པའི་ཁྲོད་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་དགེ་མཚན་ལྡན་ཡོད། མིག་སྔར། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་བཞིན་ཡོད་པ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྟེགས་བུ་ཧུར་ཐག་གིས་བཏོད་དེ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་བཞིན་ཡོད། སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་སྔར་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཉོ་འཚོང་བགྲོད་ལམ་ཤར་གཏོང་ཐུབ་པ་དང་ཉོ་འཚོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་ཁྲལ་གྱི་མཐོ་རིམ་ཁས་ལེན་དཔང་འདོན་ཁེ་ལས་ཀྱི་ཤོང་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་སྔར་ལས་བརྟན་པོ་ཞིག་སྤོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

སུན་མེ་ཅུན་གྱིས་སྒོ་ཁྲལ་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྒོ་ཁྲལ་བྱ་བར་རྒྱལ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོ་མོས་བསྟན་དོན། མཚོ་སྔོན་གྱི་ས་བབ་ཀྱི་ལེགས་ཆ་ཐུན་མོང་མ་ཡིན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་ཕྱིན་པས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་རྣམ་པ་བཟང་པོ་མངོན་ཡོད། སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒོ་ཁྲལ་བྱ་བ་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཚོ་སྔོན་ལ་མཁོ་བ་དང་སྒོ་ཁྲལ་གྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཡག་པོར་བསྒྲུབས་ཏེ། ཉོ་འཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ནུས་སྩོལ་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ།

མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྔར་ལས་ལྷག་པར་རོགས་རམ་བྱ་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཧེ་ཧུང་ཐུགས་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།