ཟླ8པའི་ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི། ཚོགས་གཙོ་རིན་ཧུང་པིན་དང་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པར་ཐུགས་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཕྱི་དངུལ་ཁེ་ལས“མཚོ་སྔོན་དུ་བསྐྱོད་པའི”བྱེད་སྒོའི་ནང་ཞུགས་མཁན་སྐུ་མགྲོན་རྣམ་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པ་དང་དེ་མིན་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་པ་རྣམས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཧུར་ཐག་གིས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་དངུལ་གཏོང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད་ལ། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་ཕྱི་རྒྱལ་གྱི་དངུལ་གཏོང་ཀུང་སི་སྔར་ལས་མང་པོར་ཚོང་རའི་མཉམ་ལས་ཀྱི་གོ་སྐབས་སྔར་ལས་རྒྱ་ཆེ་བ་བསྐྲུན་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་བགྲོད་ལམ་གལ་ཆེན་དང“རྒྱུད་གཅིག་ལམ་གཅིག”གི་འགག་རྩའི་གནས་ཡིན་པའི་ངོས་ནས། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ། མི་རིགས་ཀྱི་ཞིང་ཆེན་ཆེན་པོ་བཅས་ཀྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་ཧུར་ཐག་གིས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱས་ནས། ཕྱི་ཕྱོགས་དང་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་ཆེར་གཏོང་བ་དང་། ཕྱོགས་གཉིས་ཀར་དངུལ་གཏོང་དང་ཉོ་ཚོང་གི་ཚ་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་ལ། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འཕར་སྣོན་མགྱོགས་པོ་ཡོང་བར་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པས་མུ་མཐུད་དུ་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། རིམ་པ་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྟེགས་བུ་སྔར་ལས་མང་པོ་བསྐྲུན་པ་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་དུ་བསྐྱོད་པ་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་ལ་མ་དངུལ་གཏོང་བ་བཅས་ལ་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཕྱི་དངུལ་གཏོང་མཁན་ཁེ་ལས་ཀྱིས་མཚོ་སྔོན་འདི་ཉིད་འཐབ་ཇུས་བཀོད་སྒྲིག་བྱེད་པའི་གཙོ་གནད་དུ་བཟུང་སྟེ། མཉམ་ལས་ཀྱི་མཐུན་གནས་སྔར་ལས་མང་བ་སྔོག་འདོན་དང་། མཚོ་སྔོན་འཕེལ་རྒྱས་གཏོང་བའི་གོ་སྐབས་མཉམ་སྤྱོད་བྱས་ཏེ། སྔོན་ཐོན་གྱི་འདུ་ཤེས་དང་ཉམས་མྱོང་། ལག་རྩལ་བཅས་མཚོ་སྔོན་དུ་ཁྱེར་ཡོང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། ཁེ་ལས་མང་པོ་མཚོ་སྔོན་དུ་དངུལ་གཏོང་ལས་དར་བྱེད་དུ་ཡོང་རྒྱུར་སྔར་ལས་སྤུས་ལེགས་དང་ཕན་འབྲས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་བྱ་རྒྱུར་སྙིང་ཐག་པ་ནས་རེ་སྒུག་བྱེད་བཞིན་ཡོད།
རིན་ཧུང་པིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཐེངས་འདིའི་ཕྱི་དངུལ་ཁེ་ལས་མཚོ་སྔོན་དུ་བསྐྱོད་པ”ནི་ད་ལོར་ཉོ་ཚོང་སྐུལ་སྤེལ་ཚོགས་པས་ཕྱི་དངུལ་ཁེ་ལས“ས་གནས་སུ་བསྐྱོད་པའི”བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱེད་པའི་ས་ཚིགས་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་ཡིན་པས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དུས་རབས་གསར་པའི་ནུབ་རྒྱུད་སྒོ་འབྱེད་ཆེན་མོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག རྒྱ་ཆེའི་ཕྱི་དངུལ་གཏོང་མཁན་ཁེ་ལས་ཚུད་པའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་དངུལ་གཏོང་ལས་དར་བྱེད་པའི་གནས་མཆོག་ཞིག་ཡིན་པ་དང་། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པས་འགན་ནུས་ལ་གཞི་ཚུགས་ཏེ། མཚོ་སྔོན་གྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཕྱི་དངུལ་གཏོང་མཁན་ཁེ་ལས་སྔར་ལས་མང་པོས་མཚོ་སྔོན་ལ་དངུལ་གཏོང་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཅ་ཀྲུང་ཉོ་ཚོང་ལས་འཛིན་ལྷན་ཚོགས་པེ་ཅིང་འཐུས་ཚབ་ཁྲུའུ་ཡི་དབུ་བཞུགས་འཐུས་ཚབ་ཕེ་ཏ་ཝེ་དང་། ཀའོ་ཐུང་ཀུང་སིའི་གོ་ལ་ཧྲིལ་པོའི་ཙུང་ཚའེ་གཞོན་པ་ཞ་ཆོན། སྤྱི་སྤྱོད་གློག་ཤུགས་སྨན་བཅོས་རྐང་གཉེར་དང་སྤྱིའི་ལས་འཛིན་པ་ལི་ཞུས་ཅུན། ཀྲོའུ་ཅི་གསོལ་མགྲོན་སྡེ་ཚོགས་གོ་ལ་ཧྲིལ་པོའི་ཙུང་ཚའེ་གཞོན་པ་ལུའུ་ཧའེ་ཆིང་། ཧྭ་ཞི་སྐྱེ་དངོས་ཚན་རྩལ་མ་རྐང་ཀུང་སིའི་རྐང་གཉེར་དབུ་གཙོ། ཙུང་ཚའེ་ཀྲའོ་ཡན། ཧྲི་ནའེ་ཏེ་གློག་ཤུགས(ཀྲུང་གོ)ཀུང་སིའི་ཙུང་ཚའེ་གཞོན་པ་ཞ་ཞུའེ་དབྱིན་བཅས་ཀྱིས་སོ་སོར་གཏམ་བཤད། ཚང་མས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་འགྱུར་ལྡོག་ཆེན་པོ་བརྗོད་པ་དང་། དངུལ་གཏོང་ལས་དར་གྱི་གྲུབ་འབྲས་དང་གོ་སྐབས་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་མདུན་ལྗོངས་བློ་བརྟན་འགྱུར་མེད་ངང་ཡག་པོར་སྲུང་ཡོད། ཚང་མས་མཚོ་སྔོན་གྱིས་སྐྱེ་ཁམས་ཡུལ་སྐོར་དང་། དྭངས་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས། ཁྱད་ལྡན་ཞིང་ཕྱུགས་ལས། མཐོ་སྒང་སྐྱེ་དངོས་ཐོན་ཁུངས་ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད་པས། སྣ་མང་ཅན་གྱི་བཀོད་པ་མུ་མཐུད་རྒྱ་ཆེར་བཏང་ནས། ཚོང་ལས་ཟླ་གྲོགས་སྔར་ལས་མང་པོ་མཚོ་སྔོན་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་སྔར་ལས་མང་བ་མཚོ་སྔོན་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དང་མཉམ་དུ་གོ་སྐབས་གསར་པ་བཏོད་དེ་ལག་གདང་སྦྲེལ་ནས་སྔར་ལས་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་པར་འདོད།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅུན་ཀང་དང་ཝང་ཧེ་ཧུང་ཐུགས་འཕྲད་ལ་ཞུགས།