ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་ཞོད་འགོད་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སེལ་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། མིག་སྔའི་སྐོར་ཐེངས་གསར་བའི་དྲག་ཆར་ལ་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བར་བཀོད་གཏོང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྟེང་། ལུའོ་ཏུང་ཁྲོན་གྱིས་ས་ཁུལ་གཙོ་བོ་དང་། སྡེ་ཁག་གཙོ་བོ་འབྲེལ་ཡོད་ལས་ཁུངས་ལ་བརྙན་རིས་བཀོད་གཏོང་བྱས་པ་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཐེངས་འདིའི་དྲག་ཆར་ནི་ད་ལོའི་ཞོད་དུས་ཀྱི་དྲག་ཆར་ཆེ་ཤོས་ཡིན་ལ། དུས་ཡུན་ཐུང་ངུའི་ནང་དྲག་ཆར་འབབ་པ་དང་སེར་བ་འབབ་པ། གློག་འཁྱུག་པ། རླུང་ཆེན་གཡུགས་པ། གློག་འཁྱུག་ནས་ཐོག་རྒྱག་པ་བཅས་ཀྱི་སྣང་ཚུལ་མང་པོ་མཉམ་དུ་བྱུང་བར་བརྟེན། རི་ཉུལ་བ་དང་འདམ་རུད། གྲོང་ཁྱེར་དང་གྲོང་གསེབ་དུ་ཆུ་ལོག་བྱུང་བ་སོགས་བསྐྱར་འབྱུང་གནོད་འཚེའི་ཉེན་ཁ་མང་པོ་ཡོད་པས། ཞོད་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཆེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། ཚད་མཐའི་འདུ་ཤེས་དང་མཐར་ཐུག་འདུ་ཤེས་བརྟན་པོར་འཛུགས་པ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མི་འཛིན་པར་ཕྱོགས་ཡོངས་ནས་ཞོད་འགོག་ཉེན་གཡོལ་གྱི་ལྔ་ཅན་ལྔ་ཡི་བྱ་བའི་བྱེད་ཐབས་དངོས་འབེབས་བྱས་ཏེ། བྱ་བ་སྣ་ཚོགས་ཞིབ་ཚགས་ཀྱིས་ནོར་འཆུག་མེད་པར་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་ངང་ཞོད་དུས་སྐྱེལ་ཐུབ་པར་ཁག་ཐེག་བྱ་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ནུས་མཐོ་དང་གནད་འཁེལ་གྱིས་ཚད་ལེན་སྔོན་བརྡ་དང་ཉེན་བརྡའི་གསལ་འདེབས་བྱ་དགོས་ལ། གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་པ་དང་། དུས་ཡུན་ཐུང་ངུའི་སྔོན་བརྡ་ཉེན་བརྡ་ཇེ་དྲག་ཏུ་གཏོང་བ། གསལ་འདེབས་གདུབ་ཟུམ་དངོས་འབེབས་ནན་མོ་བྱས་ཏེ། སྔོན་བརྡའི་ཆ་འཕྲིན་དེ་དུས་ལྟར་གཞི་རིམ་དང་མང་ཚོགས་ཀྱིས་གོ་ཐུབ་པར་ཁག་ཐེག་བྱ་དགོས། མི་སྣ་གནས་སྤོར་ཉེན་གཡོལ་བྱ་རྒྱུ་དེ་མཐའ་གཅིག་ཏུ་ལས་འགན་གཙོ་བོར་བརྩི་བ་དང་། ཚན་རིག་མཐུན་པའི་སྒོ་ནས་ཉེན་ཁ་ཆེ་བའི་ཁུལ་ཁོངས་དབྱེ་བ། འཇིགས་སྐུལ་ཐེབས་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བར་རྩ་འཛུགས་བྱས་ཏེ། མི་དམངས་ཀྱི་བདེ་འགོད་བདེ་འཇགས་ལ་འགན་སྲུང་ནན་མོ་བྱ་དགོས། ཕྱོགས་ཡོངས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྐོར་བཤེར་འགོག་སྲུང་བྱེད་པ་དང་། ས་གཤིས་གནོད་འཚེ་དང་མཚོ་ཆུའི་ཆུ་མཛོད། གྲོང་ཁྱེར་འཁོར་སྐྱོད། འགྲིམ་འགྲུལ་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི། གྲོང་གསེབ་འབྲོག་ཁུལ་བཅས་ས་ཁུལ་གཙོ་བོར་དམིགས་ནས། ཆར་མ་བབས་སྔོན་གྱི་གྲལ་བཤེར་དང་ཆར་འབབ་སྐབས་ཀྱི་སྐོར་བཤེར། ཆར་བབས་རྗེས་ཀྱི་བསྐྱར་བཤེར་བཅས་དངོས་འབེབས་ནན་མོ་བྱ་དགོས། འཕྲལ་བསྟུན་གྲ་སྒྲིག་དང་སྔོན་སྐྱོད་རྒུད་སྐྱོབ་སྟོབས་ཤུགས་སྟ་གོན་ལེགས་པོ་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་བསྟུན་རྒུད་སྐྱོབ་རུ་ཁག་གིས་ཉེན་ཁ་ཆེ་བའི་ཁུལ་ཁོངས་སུ་སྔོན་སྐྱོད་འགོག་སྲུང་བྱས་ཏེ། འཕྲལ་བསྟུན་འགོག་སྲུང་དང་མང་ཚོགས་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་སྔོན་ལ་ལེགས་པོར་བསྒྲུབ་དགོས། ཐལ་དྲགས་པའི་གནམ་གཤིས་ལས་འབྱུང་སྲིད་པའི་བསྐྱར་འབྱུང་བསྐྱར་འགྱུར་གནོད་འཚེ་འགོག་སྲུང་དང་དེར་ཁ་གཏད་འཇལ་བའི་བྱ་བ་དང་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་གཅིག་འདོམས་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོང་ནན་མོ་བྱ་དགོས།

ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི·རེས་སུའུ་ལིས་ཧན་ཡན་ལག་ཚོགས་ར་རུ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།