མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གིས་གནོད་འགོག་ཉེན་སེལ་གྱི་ལས་ཀར་སྔོན་ཚུད་དུ་བཀོད་གཏོང་ལེགས་པོ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཆུ་རྒྱས་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་རང་བྱུང་གནོད་འཚེ་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཐག་གཅོད་བྱེད་པའི་རྣམ་པ་དེ་གཞན་སྐུལ་དང་ལེན་ནས་རང་འགུལ་འགོག་སྲུང་དུ་བསྒྱུར། འཕྲལ་བསྟུན་དངོས་ཟོག་དང་རོགས་སྐྱོབ་སྟོབས་ཤུགས་ཁྱོན་ཡོངས་ནས་སྔོན་ཚུད་དུ་བཀོད་སྒྲིག་བྱས་ཏེ། ཡར་སྔོན་གྱི་དུས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་བྱེད་མི་ཐུབ་པའི་དཀའ་ཁག་སེལ་བ་དང་། དངོས་ཟོག་དང་མི་ཤུགས། རིག་ནུས་བཅས་ཀྱི་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ཏེ། སྒེར་འཁོར་སྐོར་བའི་ལམ་ཐིག་ལེགས་པོའི་གནོད་འགོག་ནུས་པ་ཇེ་མཐོར་བཏང་།

ཡར་སྔོན་མདོ་ལ་རྫོང་གིས་འཕྲལ་བསྟུན་དངོས་ཟོག་དེ་མཛོད་ཁང་དུ་གཅིག་བསྡུས་ཉར་འཇོག་བྱས་ཡོད་པས། བཀོད་གཏོང་བརྒྱུད་རིམ་མང་ཞིང་། ས་གཤིས་གནོད་འཚེ་དང་ཆུ་ལོག་རྒྱུག་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་བྱུང་དུས་དེ་མ་ཉིད་དུ་རོགས་སྐྱོབ་བྱེད་དཀའ། ད་ལོར། ས་གནས་ཀྱིས་གཞུང་ལམ9པར་རླངས་འཁོར་རྒྱུག་ཚད་མང་བ་དང་། རི་ཉིལ་བ་དང་འདམ་ཟེགས་བླུག་པ་སོགས་ཀྱི་གནོད་འཚེ་མང་དུ་བྱུང་བར་དམིགས་ནས། ཉེན་ཁ་གང་དུ་ཡོད་ན། དངོས་ཟོག་དེ་རུ་བཀོད་གཏོང་བྱེད་པའི་ཐབས་ཇུས་ལག་ཏུ་བསྟར་ཏེ། ཉེན་ཁའི་གནས་སུ་ཉེན་སེལ་འཕྲུལ་ཆས་ཆེ་གྲས80གསོག་འཇོག་བྱས་ཡོད་པ་དང་། ཞོད་འགོག་དངོས་ཟོག་རིགས་སྣ་ཚོགས30ཡི་དངོས་ཟོག་ཉིས་སྟོང་ང་ལྔ་བཀོད་གཏོང་གྲ་སྒྲིག་བྱས་ཡོད། འདིས་དངོས་ཟོག་བཀོད་གཏོང་དུས་ཡུན་ཇེ་ཐུང་དུ་བཏང་སྟེ། འཕྲལ་བསྟུན་རོགས་སྐྱོབ་ཀྱི་མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་ལེགས་པོ་བྱས་ཡོད།

ནག་ཆུ་གྲོག་རོང་གི་རླངས་འཁོར་འདུག་སའི་ཁུག་སོ་རུ་ཚད་ལྡན་གྱི་འཕྲལ་བསྟུན་བཀོད་འདོམས་པུའུ་སྒྲིག་འཛུགས་བྱས་ཡོད་པ་དང་། སྨན་བཅོས་ཐག་གཅོད་དང་འཕྲལ་བསྟུན་བཀོད་འདོམས། དངོས་ཟོག་གྲ་སྒྲིག་སོགས་ཀྱི་བྱེད་ནུས་ས་ཁོངས་ཆེན་པོ་དྲུག་དགར་ཡོད། མེ་ཟོན་དང་སྤྱི་བདེ། འཕྲལ་བསྟུན་སོགས་སྡེ་ཁག་གི་ཆེད་ལས་སྟོབས་ཤུགས་དང་ཞང་དང་གྲོང་རྡལ་གྱི་ཞོར་འགན་ཁུར་བའི་འཕྲལ་བསྟུན་དཔུང་སྡེ་ལེགས་སྒྲིག་བྱས་པ་དང་། རོགས་སྐྱོབ་མི་སྣ50སྔོན་ཚུད་དུ་བཀོད་གཏོང་དང་། བདེ་འཇགས་ཁ་ཏ་བྱེད་པའི་ལས་རྐང་བཙུགས་ཏེ། གཡང་གཟར་གྱི་ཁ་རུ་ཡུལ་ལྗོངས་ལ་ལྟ་བ་དང་རླངས་འཁོར་གང་འདོད་དུ་འཇོག་པ་སོགས་ཀྱི་ཉེན་ཁ་ཆེ་བའི་བྱ་སྤྱོད་ལ་དུས་ཐོག་ཏུ་ཁ་ཏ་བྱས་ནས་ཁྲིད་སྟོན་བྱས་ཤིང་། དངོས་ཟོག་དང་མི་སྣ་གཉིས་ཀ་སྔོན་ཚུད་དུ་བཀོད་གཏོང་བྱས་པའི་འགན་སྲུང་རྣམ་པ་སྒྲིག་འཛུགས་བྱས་ནས། གནོད་འཚེ་འགོག་པའི་བདེ་འཇགས་ཚད་མཐའ་སྲ་བརྟན་དུ་བཏང་།

མཚོ་བྱང་ཁུལ་གྱི་ལྗོངས་ཡོངས་མི་མེད་གནམ་གྲུའི“དྲ་གཙོད”དམག་འཐབ་མ་ལག་དང་“དྲ་གཟིག”བཀོད་གཏོང་བཀོད་འདོམས་མ་ལག་ལ་བརྟེན་ཏེ། ལངས་གཟུགས་རིག་ནུས་སྐོར་ཞིབ་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མི་མེད་གནམ་གྲུའི་ཞོད་འགོག་སྐོར་ཞིབ་བྱས་ཤིང་། ཆུ་ལམ་འབབ་རྒྱུད་དང་གཞུང་ལམ་གཙོ་བོ་སོགས་ཀྱི་འགག་རྩའི་ས་ཁོངས་ལ་ཁྱབ་པར་བྱས་ཏེ། མངོན་མེད་རྐྱེན་ངན་གྱི་ལེབ་བཤེར་གནད་ལ་འཁེལ་ཚད་དང་འཕྲལ་བསྟུན་ཐག་གཅོད་ཀྱི་དུས་ཐོག་རང་བཞིན་ཆེས་ཆེར་མཐོ་རུ་བཏང་། དུས་མཉམ་དུ་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ས་ཚིགས་བཙུགས་པ་དང་། རིན་མེད་སྒོས་འཕྲལ་བསྟུན་གློག་གསོག་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་དང་། སྐད་འཕྲིན་སྤྱི་སྟེགས་སོགས་སྤྱད་དེ་དུས་ཐོག་ཏུ་ལམ་གྱི་གནས་ཚུལ་དང་ཞོད་དུས་ཀྱི་ཉེན་གཡོལ་དྲན་སྐུལ་བྱས་ཏེ། ཡུལ་སྐོར་བ་ལམ་ལ་མ་ཆས་གོང་གྲ་སྒྲིག་ཡོད་པ་དང་། ལམ་བར་དུ་ཉེན་ཁ་ཤེས་པ། ཉེན་ཁར་ཐུག་དུས་རོགས་སྐྱོབ་རེ་ཞུ་ཐུབ་པ་བཅས་མངོན་འགྱུར་ཡོང་བར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།