མཚོ་བྱང་རྐང་ཚས་རྒན་གསོ་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་གིས་མདོ་དབུས་མཐོ་སྒང་གི་འབྲོག་ཁུལ་དམིགས་བསལ་ས་ཁུལ་དང་གནམ་གཤིས་ཁྱད་ཆོས་ལ་གཞིགས་ནས། ཁོངས་གཏོགས་ཀྱི་རྒན་པའི་རྒན་གསོའི་དགོས་མཁོ་ལ་དམིགས་པ་དང་ཐབས་ཇུས་གནད་འཁེལ་ལག་བསྟར་བྱས་ཏེ། མུ་མཐུད་དུ་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཞིང་། དམངས་ཚིས་འགན་སྲུང་གི་རྨང་གཞི་བརྟན་པོ་བཏིང་སྟེ། ཕྱོགས་ཡོངས་ནས་འབྲོག་ཁུལ་གྱི་རྒན་པ་ཚོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་མཐོར་འདེགས་སུ་བཏང་།

རྐང་ཚ་རྫོང་གིས་མཐོ་སྒང་འབྲོག་ཁུལ་གྱི་འཕེལ་རྒྱས་དོན་དངོས་ལ་གཞིགས་ནས། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་ས་གནས་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ། རྒན་གསོ་སྒྲིག་ཆས་མི་འདང་བའི་ཆ་ཁ་གསབ་བྱས་ཡོད། ཉེ་བའི་ལོ་ཤས་རིང་ལ། བསྡོམས་པས་མ་དངུལ་སྒོར་ཁྲི4115.73བཏང་ནས་རྒན་གསོའི་འཛུགས་སྐྲུན་ཐད་སྤྱད་པ་དང་། བེད་མེད་དུ་ལུས་པའི་གཞུང་ལས་ཁང་དང་བྱེད་སྒོ་སྤེལ་ཡུལ་སོགས་ཐོན་ཁུངས་རྙིང་བ་བེད་སྤྱོད་གང་ལེགས་བྱས་པར་མ་ཟད། གསར་བསྐྲུན་དང་རྒྱས་སྐྲུན་བྱས་པ་བརྒྱུད་དེ་ཞབས་ཞུའི་རྟེན་གཞི21ལེགས་བཅོས་རིམ་སྤོར་བྱས་ཤིང་། དེའི་ནང་རྒན་གསོའི་ལས་ཁུངས་དང་ཟས་སྤྲོད་ས་ཚིགས་སོགས་རིགས་སྣ་ཚོགས་འདུས་ཡོད། མིག་སྔར་རྫོང་ཡོངས་སུ་མལ་ཁྲི136ཡོད་པ་ཚང་མ་ཚད་ལྡན་ཅན་གྱི་བདག་སྐྱོང་རང་བཞིན་ལྡན་པའི་མལ་ཁྲི་ཡིན་ལ། བདག་སྐྱོང་རང་བཞིན་གྱི་མལ་ཁྲིའི་བསྡུར་ཚད100%ཟིན་པས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཞབས་ཞུ་སྒྲུབ་སའི་སྒྲིག་བཀོད་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ། ཆེད་ལས་ཅན་གྱི་རྒན་གསོའི་ཞབས་ཞུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

དུས་མཚུངས་སུ་ཚད་ལྡན་ཅན་དང་རྒྱུན་རིང་རང་བཞིན་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་ཇུས་འགོད་རྩེ་གྲ་འཐུས་ཚང་དུ་བཏང་སྟེ། ཆེད་དོན་སྲིད་ཇུས་ཡིག་ཆ5བཏོན་པ་དང་ཞབས་ཞུ་ཚད་གཞི་དང་འཕེལ་རྒྱས་ཀྱི་དམིགས་འབེན། ལྟ་སྐུལ་དོ་དམ་ལམ་སྲོལ་བཅས་ཁ་གསལ་བཟོས་ཡོད། རྒྱུན་རྣམ་ཅན་གྱི་ནོར་སྲིད་འགན་སྲུང་ལམ་ལུགས་བཙུགས་ཏེ། ལོ་རེའི་རྒན་གསོ་ཆེད་སྤྱོད་མ་དངུལ་འདང་ངེས་དོན་འཁྱོལ་བྱས་པར་མ་ཟད། སྡེ་ཁུལ་ཕྱོགས་བསྡུས་རྒན་གསོ་ལྟེ་གནས་ལ་སྒོར་ཁྲི20རེ་དང་། སྡེ་ཁུལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ལ་སྒོར་ཁྲི8རེ། ཡུལ་ཚོ་རིམ་པའི་རྒན་གསོ་ལྟེ་གནས་ལ་སྒོར་ཁྲི6རེ། སྡེ་བ་རིམ་པའི་རྒན་པའི་བདེ་སྐྱིད་ཟ་ཁང་ལ་སྒོར་ཁྲི4རེ་བཅས་ཀྱི་ཚད་གཞི་ལྟར་གཞི་རིམ་རྒན་གསོ་རྟེན་གཞི་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་ཆེད་དངུལ་འབོར་སྒོར་ཁྲི134གནད་འཁེལ་གྱིས་སྤྲད་ཡོད། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། འབྲོག་ཁུལ་གྱི་རྒན་རྒོན་ལྟ་སྐྱོང་དང་ལུས་གསོ། སེམས་ཁམས་བདེ་གསོ་སོགས་ཀྱི་དགོས་མཁོ་གཙོ་བོ་དམིགས་སུ་བཟུང་ནས་ཆེད་དོན་དངོས་སྦྱོང་སྤེལ་བས། རྫོང་ཡོངས་ཀྱི་རྒན་གསོ་ཞབས་ཞུ་ལས་དོན་མི་སྣ་ཚང་མ་ལག་ཁྱེར་ཡོད་པའི་སྒོ་ནས་ལས་གནས་སུ་ཞུགས་ཐུབ་པ་བྱུང་སྟེ། རྒན་གསོ་ཞབས་ཞུའི་དཔུང་སྡེ་ཆེད་ལས་ཅན་དང་ཚད་ལྡན་ཅན་དུ་གྱུར་ཡོད།

ས་ཆ་རྒྱ་ཆེ་ལ་མི་གྲངས་ཉུང་བ། འབྲོག་པ་རྣམས་ཁ་ཐོར་དུ་གནས་པའི་ཁྱད་ཆོས་དང་བསྟུན་ནས། “1+8+N”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ། རྨང་གཞིའི་རྒན་གསོ་ཞབས་ཞུ་ལས་གཞི8རྒྱུན་ལྡན་ངང་སྤེལ་བ་དང་། གཉེན་ཉེ་དང་ཁྱིམ་མཚེས་ལ་བཅོལ་གདམས་བྱེད་པ་དང་རིག་ནུས་ནུས་པ་འདོན་སྤེལ་བྱེད་པའི་ཁྱིམ་སྡོད་རྒན་གསོ་བྱེད་སྟངས་གསར་བ་གསར་གཏོད་བྱས། 2026ལོ་ནས་བཟུང་བསྡོམས་པས་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་མི་ཐེངས9876མཁོ་འདོན་བྱས། རིག་ནུས་ཅན་གྱི་རྒན་གསོ་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། དམིགས་བསལ་རྒན་པོ292ལ་རིན་མེད་ངང་རིག་ནུས་ལག་གདུབ་ཆུ་ཚོད་དངAIབརྙན་ཤེལ་རིག་ལྡན་སྤྲད་པས། རིམ་རྩིས་བྱས་ཚེ་རིག་ནུས་རྒན་གསོ་ཞབས་ཞུ་ཐེངས2933མཁོ་འདོན་བྱས་ལ། མ་དངུལ་སྒོར་ཁྲི50བཏང་སྟེ་དཀའ་ངལ་ཡོད་པའི་ཁྱིམ་ཚང100ཡི་རྒན་པོར་འཚམ་མཐུན་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས། སྡེ་ཁུལ་གྱི་རྒན་གསོ་རྟེན་གཞི་བརྒྱུད་དེ་གཅིག་བསྡུས་ཟ་མ་ཟ་བ་དང་སྒོ་རྩར་སྐྱེལ་སྤྲོད་ཀྱི་དཔེ་དབྱིབས་ཁྱབ་གདལ་བཏང་བ་དང་། ཁྱོན་སྡོམ་རྒན་པོ400ལྷག་ལ་ཟས་རོགས་ཞབས་ཞུ་ཐེངས16300བསྒྲུབས་པས། དངོས་སུ་འབྲོག་ཁུལ་གྱི་རྒན་པོ་ཚོའི་ཁྱིམ་སྡོད་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།

རྐང་ཚ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པ་དང་དམའ་སྲུང་། ལོ་ན་མཐོ་བ། ནུས་ཉམས་སོགས་རྒན་པའི་ཚོགས་པར་དམིགས་ནས་ཁ་གསབ་ཞིབ་བཤེར་དང་གཏོང་སྤྲོད། ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ་སྲུང་སྐྱོབ་བྱེད་དགོས་པ་ཚང་མ་སྐྱོབ་ཐུབ་པར་ཁག་ཐེག་བྱས། སྤྱི་ལོ2026ལོ་ཚུན་དུ། རྒན་པ་མི་གྲངས218ལ་དམིགས་བསལ་རོགས་སྐྱོར་དངུལ་སྒོར་ཁྲི173.18སྤྲད་པ་དང་། ཡོང་འབབ་དམའ་བའི་རྒན་པ22ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི424.43སྤྲད་ལ། ལོ་ན་མཐོ་བའི་རྒན་པ2131ལ་ཁ་གསབ་མ་དངུལ་སྒོར་ཁྲི143.66སྤྲད། འགྲོ་གྲོན་སྒོར་ཁྲི3.19སྤྱད་དེ་དཀའ་ངལ་ཡོད་པའི་རྒན་པ1063ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཉེན་འགོག2640ཉོས། འགྲོ་གྲོན་སྒོར་ཁྲི14.02སྤྱད་དེ་རྒན་པ1476གི་རང་ཁ་གསོ་ནུས་ཀྱི་དཔྱད་དཔོག་ལེགས་གྲུབ་བྱུང་ཞིང་། ཁྱིམ་སྡོད་རྒན་གསོའི་ལས་ཁུངས་གཉེར་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི68.34བཏང་བ་དང་མ་དངུལ་སྤྲོད་ཚད100%ཟིན་ཡོད།

དུས་མཚུངས་སུཏང་འཛུགས་སྐྱོང+དྲ་མིག་ཅནལ་བརྟེན་ནས་རྒན་པ་ལྟ་ཞིབ་མི་ཐེངས846བྱས་པ་དང་འཚམས་འདྲིའི་དངུལ་དངོས་སྒོར་ཁྲི3.8སྤྲད། ཧྲན་ཏུང་རོགས་སྐྱོར་མ་དངུལ་སྒོར་ཁྲི30བརྩོན་ལེན་བྱས་ཏེམཐོ་སྒང་གི་རྒན་པ་པེ་ཅིང་དུ་བསྐྱོད་པའི་ཕུགས་འདུན་འགྲུབ་རོགས་བྱེད་པའི་ལས་གཞིལག་བསྟར་བྱས་ནས། རྒན་པོའི་ཚོགས་པར་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་བཏང་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།