མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པའི་ནང་ཞུགས་པའི་མཛུབ་སྟོན་དངོས་སུ་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རྩ་འཛུགས་ཁྲོད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པའི་ནང་ཞུགས་པའི་འཁོར་སྐྱོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པའི་ནང་ཞུགས་པའི་མཛུབ་སྟོན་བཏོན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། 《ལས་ཀའི་མཛུབ་སྟོན》གྱིས་སྤྱི་ཚོགས་རྩ་འཛུགས་འཁོར་སྐྱོད་ཁྲོད་ཀྱི་འགག་རྩའི་གོ་རིམ་ལ་དམ་པོར་དམིགས་ཏེ། སྒྲིག་ཡིག་གཏན་འབེབས་སམ་བཟོ་བཅོས་རྒྱག་པ་དང་། ཚོགས་དངུལ་གྱི་ཚད་གཞི་གཏན་འཁེལ་ལམ་ལེགས་སྒྲིག་བྱེད་པ་སོགས་ཕྱོགས་དགུའི་ཐད་ནས་སྤྱི་ཚོགས་རྩ་འཛུགས་ངེས་པར་དུ་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཇུས་ཐག་གལ་ཆེན་གཅོད་པར་ཞུགས་དགོས་པ་ཁ་གསལ་བཟོས་པ་དང་། དོན་ཚན་གལ་ཆེན་གྱི་གྲོས་དོན་ལ་སྔོན་ཚུད་ནས་ཞིབ་བཤེར་དང་། ཏང་རྩ་འཛུགས་ཀྱི་སྔོན་བཀོད་ཞིབ་འཇུག མཉམ་འབྲེལ་གྲོས་མོལ། ཟུར་ཞུགས་གྲོས་མོལ། བསམ་འཆར་ཕྱིར་ལྡོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ལས་ཀའི་སྒྲིག་རིམ་ཚད་ལྡན་དུ་བཏང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པའི་ལས་དོན་ནང་ཞུགས་པར་མཇུག་བསྡུའི་འཁོར་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། དུས་མཚུངས་སུ"ཕྱོགས་གཉིས་ཀ་ཞུགས་པ་དང་། སྣོལ་མར་འགན་ཁུར་བ"དང་། ཏང་རྩ་འཛུགས་དང་དོ་དམ་རིམ་པས་མཉམ་སྦྱོང་མཉམ་གྲོས་དང་། བརྟག་དཔྱད་ཞིབ་འཇུག ། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ།  ལག་བསྟར་ལྟ་སྐུལ། ཉེན་ཁ་སྔོན་འགོག་བཅས་ཀྱི་ཆ་སྒྲིག་རྐྱེན་སྲོལ་ཆེན་པོ་ལྔ་འཛུགས་པ་དང་། ཏང་རྩ་འཛུགས་དང་དོ་དམ་རིམ་པའི་མི་སྣའི་འགན་དབང་དབྱེ་མཚམས་གསལ་འབྱེད་བྱས་ཏེ། ཏང་རྩ་འཛུགས་ཀྱིས་ཁ་ཕྱོགས་འཛིན་པ་དང་། དོན་འཁྱོལ་འགན་ལེན། ཉེན་ཁ་སྔོན་འགོག  ཚད་ལྡན་སྐུལ་སྤེལ། མི་སེམས་གཅིག་སྒྲིལ། འཕེལ་རྒྱས་ལ་རོགས་རམ་བཅས་ཀྱི་འགན་འཁྲི་དང་ལས་འགན་འཁུར་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས།

《ལས་ཀའི་མཛུབ་སྟོན》གྱིས་དུས་མཉམ་དུ《ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པར་ཞུགས་པའི་གསལ་ཐོ》དང《ཏང་རྩ་འཛུགས་དང་དོ་དམ་རིམ་པའི་ཐུན་མོང་གི་སློབ་སྦྱོང་དང་ལས་ཀའི་གྲོས་མོལ་ལམ་ལུགས》ཞེས་པའི་དཔེ་སྟོན་ཡིག་ཆ་གཉིས་ཆ་སྒྲིག་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱིས་ནང་ཁུལ་གྱི་ཆ་སྒྲིག་ལམ་ལུགས་ཞིབ་ཕྲ་བཟོ་བར་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར་དོན་ཐོག་ཏུ་འཁྱོལ་ཐུབ་པའི་བཀོལ་སྤྱོད་དམ་འཛིན་བྱ་གཞི་འདོན་སྤྲོད་བྱས་ཡོད།

ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་གྲོང་ཁྱེར་ཏང་ཨུ་ཁག་གི་སྤྱི་ཚོགས་ལས་དོན་པུའུ་དང་། ཞིང་ཆེན་རིམ་པའི་ལས་རིགས་ཁག་གི་ཏང་ཨུ་དང་། ལས་རིགས་དོ་དམ་སྡེ་ཁག་བཅས་ཀྱིས་དྲིལ་བསྒྲགས་གསལ་འགྲེལ་དང་མཛུབ་སྟོན་དོན་འཁྱོལ་ལེགས་པོ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་དོན་ཚན་གལ་ཆེན་ཇུས་ཐག་གཅོད་པར་ཞུགས་པའི་གསལ་ཐོ་བཟོ་བར་སྐུལ་འདེད་གཏོང་བ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།