མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཟླ6པའི་ཟླ་མགོ་ལ། ཟི་ལིང་གྲོང་ཁྱེར་གྱིས“ཡིད་རྟོན+ཞིབ་མཆན”གྱི་སྲིད་དོན་ཞབས་ཞུའི་སྒྱུར་བཅོས་བྱེད་མགོ་བཙུགས་ཏེ། ཡིད་རྟོན་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་བཏང་བ་དང་། བརྒྱུད་རིམ་བསྐྱར་བཟོ་དང་། ལམ་སྲོལ་གསར་གཏོད ཞབས་ཞུ་རིམ་སྤོར་བཅས་བྱས་པ་བརྒྱུད། སྲོལ་རྒྱུན་གྱི“རྒྱུ་ཆར་ཞིབ་མཆན་འགོད་པ”ནས“ཡིད་རྟོན་ཞིབ་མཆན་འགོད་པའི”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག ཟི་ལིང་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་ཞབས་ཞུ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཐེངས་འདིའི་སྒྱུར་བཅོས་བྱས་པ་བརྒྱུད་ཁེ་ལས36གིས་ལས་སྒྲུབ་བྱེད་མང་བའི་རྣམ་པ་བདམས་ནས་ཚོད་ལྟ་བྱས་པ་དང་། ཁ་དན་ཚིག་གནས་དང་སྤུས་ལེགས་ཀྱི་གཉེར་སྐྱོང་བྱེད་པོར་དམིགས་ནས་ཧེ་བག་ཅན་གྱི་ལྕག་སྐུལ་བྱ་ཐབས་དོན་འཁྱོལ་བྱས་ཤིང་། ཟླ6པའི་ཚེས29ཉིན་བར་འབྲེལ་ཡོད་ཞིབ་མཆན་སྒྲུབ་གཉེར་གྱི་ལས་ཕྱོད་སྤྱིར་བཏང་གི་ཡིད་རྟོན་བྱེད་པོ་ལས་45%མཐོ་རུ་ཕྱིན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་ཁེ་ལས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་ཡོད།
སྒྱུར་བཅོས་ཀྱིས་ཁེ་ལས་ཀྱི་ལས་དོན་སྒྲུབ་ས་དང་དཀའ་གནད་ལ་དམིགས་ཏེ“ཟི་ལིང་གྲོང་ཁྱེར་གྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལས་སྟེགས”དང་“རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག”གི་ཕྱོགས་གཉིས་པོའི་ཞིབ་དཔྱད་ལམ་སྲོལ་ལ་བརྟེན་ནས་ཡིད་རྟོན་རིམ་པ་དཔྱད་བསྡུར་ལེགས་པ་དང་གཉེར་སྐྱོང་རྒྱུན་གཏན་མིན་པའི་ཐོ་འགོད་མེད་པའི་གཉེར་སྐྱོང་བྱེད་པོར་དམངས་བདེ་ཁེ་ཕན་གྱི་ཞིབ་མཆན་འགོད་ཐབས་རབ་དང་རིམ་པ་བཏོན་ནས་སྲིད་དོན་ཞབས་ཞུའི་སྟབས་བདེ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཁེ་ལས་ཀྱིས་ལས་དོན་སྒྲུབ་སྐབས་ཕར་འགྲོ་ཚུར་འོང་བྱེད་པ་དང་ས་གནས་ས་ཐོག་ཏུ་སྒྲུབ་སྐབས་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཟི་ལིང་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ལས་དོན་མང་པོ་ཞིག་ལ་“ཁས་ལེན་ལ་ཞིབ་མཆན་འགོད་པ”ཞེས་པའི་ཚོར་བ་མེད་པའི་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་བ་དང་། ཁེ་ལས་ཀྱིས་བརྒྱུད་རིམ་ཧྲིལ་པོར་རེའུ་མིག་བཀོད་འབུལ་གྱི་རེ་ཞུ་བྱས་ཆོག་པ་དང་། ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་ཞིབ་བཤེར་ལྷུ་ཚིགས་ཁུ་བསྡུ་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱེད་མཚམས་འཇོག་པ་དང་། དྲ་ཐོག་ནས་ཡིག་ཆ་རྩིས་ལེན་དང་། རྒྱབ་ཏུ་ཞིབ་བཤེར ལག་ཁྱེར་བསྐུར་བ་བཅས་ཀྱི་ཁ་ཟུམ་ཞབས་ཞུ་དང་། མངོན་འགྱུར་གྱི་ལས་སྒྲུབ་ཕེབས་ལམ་ཧྲིལ་པོ་གང་ཡང་མེད་པ། སྤུས་ལེགས་ཁ་དན་སྲུང་བའི་ཁེ་ལས26ལ་ཕྱིར་འགྲོ་་མི་དགོས་ལ་ཞིབ་མཆན་ཞབས་ཞུ་ལོངས་སུ་སྤྱོད་བཞིན་ཡོད།
དེ་དང་ཆབས་ཅིག་ཟི་ལིང་གིས་སྲོལ་རྒྱུན་གྱི་ཞིབ་མཆན་འགོད་པའི་“དཔྱད་གཞི་ཆ་མི་ཚང་བ་དང་བདག་སྤྲོད་མི་བྱེད་པའི”སྲ་འགྱུར་གནད་དོན་ཐག་གཅོད་བྱས་པ་དང་། གཙོ་གནད་ཆོག་འཐུས་དོན་ཚན་བཅུ་ལྷག་ཙམ་ལ་ཡིད་རྟོན་ཤོང་ཚད་མི་འདང་བའི་བདག་སྤྲོད་ལམ་སྲོལ་ཁྱབ་གདལ་བཏང་ནས་ཞིབ་མཆན་འགོད་པའི་ལྟེ་བའི་དགོས་ངེས་ཀྱི་དཔྱད་གཞི་དང་རམ་འདེགས་ཁ་གསབ་དཔྱད་གཞིའི་རིགས་དབྱེའི་ཚད་གཞི་ཁ་གསལ་བཟོས། ཁ་དན་ཚིག་གནས་ཀྱི་ཁེ་ལས་ཀྱིས་ཆ་ཚང་བའི་ལྟེ་བའི་ཆ་རྐྱེན་གལ་ཆེན་གོང་འབུལ་བྱས་པ་དང་འབྲེལ་ཡིད་རྟོན་ཁས་ལེན་ཡི་གེ་བཞག་རྗེས་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལག་ལེན་བསྟར་ཆོག་པ་དང་། དཔྱད་གཞི་ཕལ་པ་ཁས་ལེན་གྱི་དུས་བཀག་ནང་ཁ་གསབ་ཡོ་བསྲང་དང་“སྔོན་ལ་སྒྲུབ་པ་དང་རྗེས་སུ་ཁ་གསབ་བྱེད་པ་དང་ཁ་དན་ཚིག་གནས་དང་ནོར་འཛོལ་རུང་བའི”ཞབས་ཞུའི་རྣམ་པ་དོན་འཁྱོལ་བྱེད་ཆོག མིག་སྔར་ཚོད་ལྟའི་རྣམ་གྲངས་རེར་ཆ་སྙོམས་རྒྱུ་ཆ་2རེ་ཡོད་པ་དང་། ཞབས་ཞུའི་ཕན་ནུས་30%མཐོ་རུ་ཕྱིན་པ། རིམ་རྩིས་བྱས་ན་འབྲེལ་ཡོད་ལས་སྒོ38གཉེར་ནས་ཁེ་ལས་ཀྱི་སྤུས་ལེགས་ཡིད་རྟོན་དེ་ལས་སྒྲུབ་སྟབས་བདེ་རུ་ཏན་ཏིག་བཏང་ཡོད།
ཁེ་ལས་ཀྱི་ལས་སྒྲུབ་དགོས་མཁོ་མང་པོར་གཞི་ཚུགས་ནས་ཟི་ལིང་གིས་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱེད་པོར་ཆེད་མངགས་ཞིབ་མཆན་འགོད་པའི་ལྗང་མདོག་བགྲོད་ལམ་བཏོད་དེ་གཙོ་གནད་གཉེར་སྐྱོང་ཆོག་འཐུས་དོན་ཚན་ཁྲོད་སྔོན་ལ་ཞིབ་དཔྱད་དང་། སྔོན་མངགས་སྒྲུབ་གཉེར། དུས་འགྱངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་པས་ཞིབ་མཆན་འགོད་པའི་དུས་ཚོད60%ཐུང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཆེད་ལས་ཀྱི་རོགས་སྒྲུབ་དཔུང་ཁག་བཙུགས་ནས“གཅིག་གཏད་གཅིག”གི་སྦྲེལ་ཐག་ཧྲིལ་པོ་ཞིབ་ཚགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་སྲིད་དོན་ཞབས་ཞུ་“སྒྲུབ་ཐུབ་པ”ནས“སྒྲུབ་མགྱོགས་པ་དང་ལེགས་པའི”ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་རིམ་རྩིས་བྱས་ན་ཁ་དན་ཚིག་གནས་ཀྱི་སྤུས་ལེགས་ཁེ་ལས42ལ་ཆེད་གཏོགས་ཀྱི་དྲོ་སྐྱིད་ལྡན་པའི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱས་།
ཟི་ལིང་གིས་ཡིད་རྟོན་ཞིབ་མཆན་འགོད་པའི་བཀོལ་སྤྱོད་རྣམ་པ་མུ་མཐུད་རྒྱ་ཆེར་བཏང་ནས་ཁ་དན་ཚིག་གནས་ཀྱི་ལྕག་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཚད་ལྡན་ནུས་ཆེ་དང་དམངས་བདེ་ཁེ་ཕན་གྱི་དེང་རབས་ཅན་གྱི་སྲིད་དོན་ཞབས་ཞུའི་རྣམ་པ་གསར་པ་གཏོད་རྒྱུ་རེད།