རང་ཞིང་གི་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་ལེགས་བསྒྱུར་རིམ་སྤོར་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས《ནོར་སྲིད་དངུལ་རྩའི་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ》པར་འགྲེམས་བྱས་པ་དེ་ནི2025ལོར་རྒྱུན་མཐུད་བྱས་པའི《ནོར་སྲིད་དངུལ་རྩ་མཉམ་འགུལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》གི་ནུས་ལྡན་བྱ་ཐབས་ཤིག་ཡིན་པ་དང་ད་ཡོད་ཀྱི་ནོར་སྲིད་དངུལ་རྩའི་མཉམ་འགུལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག སྲིད་ཇུས་མ་ལག་ལེགས་སུ་གཏོང་བ་དང་སྐྱོར་ཤུགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་མཐུད་གྱིས“ནོར་སྲིད+དངུལ་རྩ”ཡི་སྣ་འདུས་ཁུ་མཚུར་ལེགས་པར་བཏོན་པ་དང་།     ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས།

ནོར་སྲིད་དང་དངུལ་རྩའི་མཉམ་འགུལ་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ལེགས་སུ་གཏོང་བའི་ཐད་ཚད་བརྒལ་གལ་ཆེན་གཉིས་བྱུང་བ་སྟེ གཅིག་ནི་དེ་སྔའི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྐྱེད་གསབ་སྲིད་ཇུས་ཁྲོད་ཀྱི་“ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མའི་ཁྱབ་ཁོངས་ནང་བཅུག་པའི”སྔོན་བཀོད་རང་བཞིན་གྱི་ཆ་རྐྱེན་མེད་པ་བཟོས་པ་དང་། ལེགས་སྒྲིག་དེས་ཞིང་ཆེན་རིམ་པའི་སྐྱེད་གསབ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁེ་ལས་118ནས600 གཉིས་ནས་མཚོ་སྔོན་དངུལ་ཁང་དང་གྲོང་གསེབ་ཀྱི་ཚོང་ལས་དངུལ་ཁང་སོགས་ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་ཁེ་ལས་འབྲིང་ཆུང་དང་། མི་སྒེར་གྱི་འཛད་སྤྱོད ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ ཚན་རྩལ་གསར་གཏོད་ཀྱི་དངུལ་བུན་སྐྱེད་གསབ་སྲིད་ཇུས་ཀྱི་སྒྲུབ་གཉེར་སྒྲིག་གཞིའི་ཁྱབ་ཁོངས་སུ་བཅུག་པས་ཕྱོགས་གཅིག་ནས་ས་གནས་ཀྱི་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིའི་ཧུར་བརྩོན་རང་བཞིན་ཆེས་ཆེར་འཕེལ་བ་དང་། ཕྱོགས་གཞན་ཞིག་ནས་སྐྱེད་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ཁྱབ་ཁོངས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།

སྲིད་ཇུས་དེ་གཉིས་ཀྱི་འགྱུར་ལྡོག་ལས་རྒྱ་ཁྱོན་ཆེ་རུ་གཏོང་བའི་སྲིད་ཇུས་ཀྱི་གཏན་ཚིགས་མངོན་པ་མ་ཟད།  ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་དང་ནོར་སྲིད་སྲིད་ཇུས་ལ་དེ་བས་བབ་བསྟུན་གྱི་གཞོགས་འདེགས་ཐུབ་ནས་གཉེར་སྐྱོང་བྱེད་པོའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྔར་བས་དམའ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན།  ཟླ5པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་སྒོར་དུང་ཕྱུར་90.2ལ་མིང་རྟགས་བཀོད་པ་དང་། ལྷག་གྲངས་སྒོར་དུང་ཕྱུར་38.6ཟིན་པ།  ནོར་སྲིད་ཀྱི་སྐྱེད་གསབ་སྒོར་ཁྲི2368.5ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ཐཱན་འབུད་སྐྱུར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1200ཟིན་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་ནོར་དངུལ་མཉམ་འགུལ་གྱི་“འདུན་ཞུ་མི་དགོས་པར་འཕྲལ་དུ་ལོངས་སྤྱོད་བྱེད་པའི”སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་དུས་ཐོག་ཏུ་དངོས་ཚན་དཔལ་འབྱོར་ལ་བརྒྱུད་འདྲེན་བྱས་ནས་ནོར་སྲིད་དངུལ་རྩ་མཉམ་འགུལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།