མཚོ་ཤར་གྱིས་སྤྱི་གསོག་མ་དངུལ་སྤྱོད་པའི་སྲིད་ཇུས་གསར་པ་སྔོན་ལ་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་ཟླ6པའི་ཚེས9ཉིན་མཚོ་ཤར་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ4པའི་ཚེས1ཉིན་ཉིན་མཚོ་ཤར་གྲོང་ཁྱེར་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་གསར་བ་སྤྱད་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་དངུལ་བུན་སྒོར་འབུམ་བརྒྱད་ཡན་གྱི་དངུལ་བུན་སྣ4དང་། དངུལ་གྲངས་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་བདུན་ལ་ཞིབ་བཤེར་ཆོག་མཆན་བཀོད་དེ། ཁྱིམ་ཚང་25ཡིས་ཁང་པ་བདེ་བླག་ངང་ཉོ་བར་རོགས་རམ་བྱས། དེ་དང་ཆབས་ཅིག ཁང་གླ་ལེན་པའི་དངུལ་འབོར་མཐོ་རུ་གཏོང་བ་དང་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། ཞིང་ཆེན་ཡོངས་སུ་ཐད་ཀའི་གཉེན་ཉེའི་མི་རབས་བར་རོགས་རམ་གྱི་སྲིད་ཇུས་སྔོན་ལ་བཏོན་པ་སོགས་ཀྱིས་བཅོལ་གསོག་ལས་བཟོ་བའི་དཀའ་ངལ་དངོས་སུ་སེལ་རོགས་བྱས།

ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཁང་གླ་ལེན་པའི་ཚད་གཞི་མངོན་གསལ་སྒོས་མཐོ་རུ་བཏང་སྟེ། སྤྱིར་བཏང་ཁྱིམ་ཚང་གི་ལོ་རེར་ལེན་པའི་ཚད་གཞི་དེ་སྒོར9180ནས14400 བར་མཐོ་རུ་བཏང་བ་དང་། བྱིས་པ་གཉིས་དང་དེའི་ཡན་གྱི་ཁྱིམ་ཚང་ལ་སྒོར4800ཁ་སྣོན་བྱས་ནས་ལོ་རེར་སྒོར19200 བར་མཐོ་རུ་བཏང་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་ཁང་གླ་ལེན་པའི་ལས་སྒོ1551དང་དངུལ་གྲངས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བདུན་ཁྲི་གཅིག་ལ་འགྲོ་ལུགས་སྒྲུབ་ཟིན། དངུལ་བུན་སྔོན་གྱི་བུ་ལོན་གྱི་ཚད་བཀག་མེད་པར་བཟོས་པ་དང་། ཁང་པ་དང་པོའི་ཐོག་མའི་དངུལ་སྤྲོད་ཚད15%བར་མར་ཆག་ཡོད། བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས་དངུལ་བུན་འཇལ་བ་དང་ཁང་པ་ཉོ་བའི་ཐོབ་ཐང་དེ་"ལོ་རེར་ཐེངས་གཅིག"ནས་ཟླ་རེའམ་དུས་ཚིགས་རེར་སྟབས་བསྟུན་གྱི་སྒོ་ནས་ཐག་གཅོད་བྱེད་པར་བསྒྱུར་བ་དང་། ལས་སྒོ1498ལ་འགྲོ་ལུགས་སྒྲུབ་པ་དང་དངུལ་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་བདུན་ཁྲི་གསུམ་ཟིན་ཡོད། སྲིད་ཇུས་གསར་པ་ལག་བསྟར་བྱས་པ་ནས་བཟུང་ཁྱིམ་ཚང25ཡིས་ཁང་པ་ཉོ་བར་རོགས་རམ་བྱས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་འགྲོ་གྲོན་སྒོར་ཁྲི་གཉིས་དང་སྟོང་གསུམ་བདུན་བརྒྱ་གྲོན་ཆུང་བྱས་ཡོད།

དེ་ལས་གཞན། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་སུ་ཐད་ཀའི་གཉེན་ཉེའི་མི་རབས་བར་རོགས་རམ་བྱེད་པའི་སྲིད་ཇུས་སྔོན་ལ་བཏོན་ནས། ཕ་མ་དང་བུ་ཕྲུག་སོགས་ཐད་ཀའི་གཉེན་ཉེའི་བར་སྤྱི་གསོག་མ་དངུལ་མཉམ་འགུལ་མཉམ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁྱིམ་ཚང་བདེ་སྡོད་དང་ལས་གཉེར་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། མིག་སྔའི་བར་དུ། མི་རབས་བར་རོགས་རམ་གྱི་ལས་སྒོ6དང་དངུལ་གྲངས་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་དང་། མི་རབས་བར་གྱི་རོགས་རེས་དངུལ་བུན་གཏོང་འཇལ་ལས་སྒོ་བསྡོམས་པའི་ཐེངས63ཟིན་པ་དང་མ་སྐྱེད་དངུལ་གྲངས་སྒོར་འབུམ་གཉིས་དང་ཁྲི་གཉིས་སྟོང་བཞི་ཟིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།