མཚོ་ནུབ་ཀྱི་ཁེ་ལས30ཡིས་ཚོགས་པ་སྒྲིག་འཛུགས་བྱས་ནས2026ལོའི་འཛམ་གླིང་སྤུས་རྟགས་མོ་ཀན་ཧྲན་ཚོགས་ཆེན་ལ་ཞུགས། ཆེད་དོན་གན་རྒྱ་བཞག་པ་སྒོར་བྱེ་བ་གསུམ་ས་ཡ་ལྔ་ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས10ཉིན། 2026ལོའི་འཛམ་གླིང་སྤུས་རྟགས་མོ་ཀན་ཧྲན་ཚོགས་ཆེན་མཚོ་སྔོན་རིམ་འདས་སྒྲོག་སྤེལ་ཚོགས་འདུ་དེ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏི་ཆིན་རྫོང་ནས་སྤེལ། ཀྲེ་ཅང་གིས་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན། ཐོག་དང་པོར་ཞིང་ཆེན་རིམ་པའི་ཕྱི་ཕྱོགས་འབྱོར་ཚོང་འཕེལ་རྒྱས་ཆེད་སྤྱོད་མ་དངུལ་བཀོལ་བ་དང་། རྒྱལ་ཁབ་རིམ་པའི་འགྲེམ་སྟོན་སྟེགས་བུ་བརྒྱུད་དེ་ཕྱི་ཕྱོགས་འབྱོར་ཚོང་གི་བྱེད་སྒོ་སྤེལ་ཏེ། ཆེད་དོན་གན་རྒྱའི་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་ལྔ་འབུམ་གསུམ་ཁྲི་དྲུག་ལ་སླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་གན་རྒྱ་བཞག་པའི་སྤྱིའི་མ་དངུལ་གྱི60.9%ཟིན་པས། སྤུས་རྟགས་འོས་སྦྱོར་དང་འབྱོར་ཚོང་མཉམ་ལས་ཀྱི་ཕྱོགས་གཉིས་ཐོད་བརྒལ་མངོན་འགྱུར་བྱས།

ཉིན་དེར། མཚོ་ནུབ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཁེ་ལས30འགྲེམ་སྟོན་དུ་ཞུགས་ཤིང་། མཚོ་སྔོན་ནུབ་རྒྱུད་མཱེ་ལས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཞང་ཡུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས5ཡིས་རྒྱལ་ཁབ་ཕྱི་ནང་གི་ཚོང་གཏམ་བྱེད་ཡུལ་སོ་སོར་བདེ་བླག་ངང་གན་རྒྱ་བཞག་པ་དང་། གན་རྒྱའི་རྣམ་གྲངས་སུ་ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་ཁྱད་ལྡན་ཞིང་ཕྱུགས་སོགས་གཙོ་གནད་ཐོན་ལས་ཚུད་ཡོད། དུས་མཉམ་དུ་ཕྱི་ཚོང་མངག་ཐོ་རྣམ་གྲངས4ལེགས་འགྲུབ་བྱས་པ་དང་། འགྲེམ་ཚོགས་ཀྱིས་ཕྱི་ཚོང་ལ་ནུས་པ་སྩོལ་བ་དང་ཐོན་ཁུངས་གཅིག་བསྡུས། སྒུལ་ནུས་སྐུལ་སློང་བྱས་ཏེ། “མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་རེད།

ད་ཐེངས་ཀྱི་འོས་སྦྱོར་ལས་མཚོ་ནུབ་ཁུལ་གྱི་ཐོན་ལས“གནས་བཞིའི”འཛུགས་སྐྲུན་བཀོད་སྒྲིག་དང་དམ་པོར་འབྲེལ་ནས། “མཚོ་ནུབ་ཚྭ་མཚོ·འཛམ་གླིང་སྤུས་རྟགས”དང“ལྗང་གློག་མཚོ་ནུབ·ཐཱན་མེད་སྤུས་རྟགས”“མཚོ་ནུབ་ལྗོངས་རྣམ·རིག་གནས་ཡུལ་སྐོར་སྤུས་རྟགས”“ཚྭ་འདམ་ལེགས་རྫས·སྐྱེ་ཁམས་སྤུས་རྟགས”བཅས་ཁྱད་ལྡན་ཐོན་ལས་སྤུས་རྟགས་ཆེན་པོ་བཞིར་དམིགས་ནས། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་དུས་རིམ་འཛུགས་སྐྲུན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པ་དང་འབྲེལ། འཛམ་གླིང་ལ་དངུལ་འཇོག་མཉམ་ལས་ཀྱི་གདན་ཞུ་བསྐུར་བ་རེད།

ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཚོ་ནུབ་ཀྱི་སྐྱེ་ཁམས་ལེགས་པོ་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས། ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། “ཀྲེ་ཅང་གི་ཚོང་པ་མཚོ་སྔོན་དུ་འགུག་པ་དང་མཚོ་སྔོན་གྱི་ཚོང་རྫས་མཚོ་སྔོན་ལས་ཕྱིར་གཏོང་བར”གཡུར་དུ་ཟ་བའི་གྲུབ་འབྲས་བླངས།  ད་ཐེངས་མཚོ་ནུབ་ཁུལ་གྱིས་ཚོགས་སྒྲིག་ཚོགས་ཞུགས་བྱས་པ་དེས། རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་ལས་སྟེགས་ལ་བརྟེན་ཏེ་མཚོ་ནུབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཐོན་ལས་མཐུན་སྦྱོར་ལ་མཉམ་སྐུལ་དང་། སྤུས་རྟགས་འཕེལ་རྒྱས་མཉམ་སྐུལ་བྱས་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།