ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་ཤིག་ཡིན་པ་དང་། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ནི་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་འགག་རྩའི་ རྒྱལ་ཁབ《སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག》བཏོན་རྗེས་རྒྱལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལེ་ལག་ཚང་བའི་ཞིང་ཆེན་ཐོག་མ་དེ་ཡིན་པའི་ངོས་ནས་རང་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ས་གནས་ཁྲིམས་འཛུགས་ཀྱི་སྔོན་ལ་ལག་ལེན་བསྟར་ནས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་དེ་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་ཁྱོན་ཡོངས་ནས་བཅུག་སྟེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད“མགྱོགས་མཐེབ”མནན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བསྐྲུན་ཡོད།
སྲིད་འཛིན་ཁྲིམས་བསྟར་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཆེས་མདུན་གྲལ་ལ་ཐད་ཀར་ཁ་གཏད་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་འགན་ནུས་སྒྲུབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གཙོ་བོ་ཡིན། དེའི་ཚད་ལྡན་ཚད་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཆུ་ཚད་ཐད་ཀར་མཚོན་པ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་སྐྱོང་ལ་དད་མོས་བྱེད་པ་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པར་ དུས་ཡུན་རིང་པོའི་ནང་རང་རེའི་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་།ཁྲིམས་འཛིན་ལྟ་སྐུལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ།ལག་ལེན་ཁྲོད་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་གསོག་འཇོག་བྱས་ཡོད། འོན་ཀྱང་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པའི་མདུན་དུ་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་མ་ལག་འཐུས་ཚང་མིན་པ་དང་། ལྟ་སྐུལ་བྱེད་ཤུགས་མཁྲེགས་པོ་མིན་པ། ལྟ་སྐུལ་གྱི་ཕན་འབྲས་དངོས་མངོན་གསལ་དོད་པོ་མིན་པ་སོགས་ཀྱི་གནད་དོན་དེ་ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་ཞན་ཆ་ཞིག་ཏུ་གྱུར་ཡོད། ཐེངས་འདི་སྲོལ་ཡིག་བཏོན་པ་དེ་ནི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་། བཅོས་སྐྱོང་གི་དཀའ་གནད་སེལ་བ། ལམ་ལུགས་ཀྱི་ཞན་ཆ་གསབ་པ་བཅས་ཀྱི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ། རང་ཞིང་གིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།
བློ་གྲོས་ཆུང་ཆུང་གིས་དོན་སྐྱོང་།བློ་གྲོས་ཆེན་པོས་ལམ་ལུགས་སྐྱོང་། ཁྲིམས་སྐྱོང་གི་གསོན་ཤུགས་ནི་ལམ་ལུགས་འཐུས་ཚང་དང་ལག་བསྟར་བྱེད་པར་ཐུག་ཡོད་པ་དང་།སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱི་འགག་རྩ་ནི་དབང་ཆ་དང་འགན་འཁྲི་ཁ་གསལ་དང་།འཁོར་སྐྱོད་ནུས་ལྡན།ཚོད་འཛིན་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་རྒྱུར་ཐུག་ཡོད། ད་ཐེངས་བཏོན་པའི་སྲོལ་ཡིག་ནང་གོང་རིམ་གྱི་བཅའ་ཁྲིམས་དོན་ཚན་འདྲ་བཤུས་བྱས་མེད་པར་མཚོ་སྔོན་གྱི་གཞི་རིམ་བཅོས་སྐྱོང་གི་དོན་དངོས་དང་དམ་པོར་འབྲེལ་ནས་ལྟ་སྐུལ་སྒྲིག་སྲོལ་དང་། ནང་དོན། བྱེད་སྟངས། ཐག་གཅོད། འགན་ལེན་བཅས་ལྟེ་བའི་ལྷུ་ཚིགས་ཆེན་པོ་ལྔ་ལ་དམིགས་ཏེ་འབྲེལ་ཐག་ཆ་ཚང་དང་ཁ་ཟུམ་རྣམ་པའི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་མ་ལག་བཙུགས་ནས་ལམ་ལུགས་ཀྱི་ངོས་ནས་ལྟ་སྐུལ་འགན་འཁྲི་མཐུན་སྦྱོར་དང་། ལྟ་སྐུལ་གྱི་གཙོ་གནད་ཁ་གསལ་བཟོ་བ། ལྟ་སྐུལ་གྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད། “སྲིད་གཞུང་གིས་འགོ་ཁྲིད་དང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་འགན་འཁུར། ཤང་དང་གྲོང་རྡལ་གྱིས་གཞོགས་འདེགས། ཕྱོགས་ཁག་ཞུགས་པ”བཅས་ཀྱི་ལྟ་སྐུལ་སྒྲིག་སྲོལ་ཁ་གསལ་བཟོ་བ་ནས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ་ལྟ་སྐུལ་ཞིབ་ཐོ་དབྱེ་འབྱེད་ རྒྱུན་ལྡན་གྱི་ལྟ་སྐུལ་དང་། ཆེད་དོན་ལྟ་སྐུལ། གཙོ་གནད་ལྟ་སྐུལ་བཅས་ཟུང་འབྲེལ་བྱེད་པའི་སྣ་མང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནས་གནད་དོན་དག་ཐེར་ཡོ་བསྲང་དང་། ལྟ་སྐུལ་སྒྲུབ་གཅོད། འགན་འཁྲི་རྩད་གཅོད། འབྲས་བུ་བེད་སྤྱོད་བཅས་ཀྱི་ཁ་ཟུམ་ལམ་སྲོལ་འཛུགས་པའི་བར་སྲོལ་ཡིག་གི་གཏན་འབེབས་ཚང་མས་ཁྲིམས་འཛིན་ལྟ་སྐུལ་གྱི་སྐྱོན་ཆ་དང་འགག་གནད་ལ་ཐད་ཀར་ཁ་གཏད་གཅོག་ནས་ལྟ་སྐུལ་ལས་དོན་ལ་བརྩི་སྲུང་བྱེད་སའི་སྒྲིག་སྲོལ་དང་སྒྲིག་སྲོལ་ཡོད་པ་དང་སྲིད་འཛིན་ཁྲིམས་འཛིན་དབང་ཆ་ཐོག་མཐའ་བར་གསུམ་དུ་ལམ་ལུགས་ཀྱི་ཚོད་འཛིན་འོག་ཏུ་གནས་ཡོད།
བཅའ་ཁྲིམས་བཟང་པོ་ལག་ལེན་བསྟར་རྒྱུ་གཙོ་བོ་ཡིན་པ་དང་། ལྟ་སྐུལ་གཙོ་བོ་ཕན་འབྲས་དངོས་ལ་འཛིན་དགོས། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ནི“ཤོག་བུའི་ཐོག་གི་དོན་ཚན”ཙམ་མ་ཡིན་པར་ཚད་ལྡན་དྲང་གཞག་ཡ་རབས་ཀྱི་སྒོ་ནས་ཁྲིམས་འཛིན་ནན་པོར་སྐུལ་འདེད་གཏོང་བའི“དམ་འཛིན་བྱེད་ཐབས”དེ་བས་ཀྱང་ཡིན། སྲོལ་ཡིག་བཏོན་པ་དེས་རང་ཞིང་ཆེན་གྱི་ས་གནས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཁྲིམས་འཛུགས་ཀྱི་སྟོང་ཆ་གསབ་པ་མ་ཟད། ལྟ་སྐུལ་གྱི་དབང་གྲགས་རང་བཞིན་དང་གཅུན་སྡོམ་ནུས་པ་དེ་བས་ཆེ་རུ་ཕྱིན་ནས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་དེ“མཉེན་གཤིས་དྲན་སྐུལ”ནས“མཁྲེགས་གཤིས་གཅུན་འཛིན”ལ་འགྱུར་བ་དང་། “ཁ་ཐོར་ཤུགས་འདོན”ནས“མཐུན་སྦྱོར་མཉམ་འགུལ”ལ་འགྱུར་བ་དང་། “དོན་དག་བྱུང་རྗེས་ནོར་འཁྲུལ་ཡོ་བསྲང་”ནས“བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན”ལ་འགྱུར་བ་བཅས་ལ་སྐུལ་འདེད་བཏང་ཡོད། ཆེད་མངགས་གདན་ཞུའི་ལྟ་སྐུལ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲངས་འཛིན་ཅན་གྱི་ལྟ་སྐུལ་ལས་སྟེགས་འཛུགས་པ། ལྟ་སྐུལ་བྱེད་སྟངས་སྣ་ཚོགས་སྦྲེལ་མཐུད་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད་སྲིད་འཛིན་ལྟ་སྐུལ་དང་། སྤྱི་ཚོགས་ལྟ་སྐུལ། གྲངས་འཛིན་ལྟ་སྐུལ་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་ཁྲིམས་འཛིན་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཐུབ་པ་དང་། གནད་དོན་ཁུངས་འདེད་ཐུབ་པ། དག་ཐེར་ཡོ་བསྲང་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཁྲིམས་འཛིན་ཟང་ཟིང་ཡོ་བསྲང་དང་། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དྲང་སྙོམས་དྲང་བདེན་དེ་མང་ཚོགས་ཀྱིས་མཐོང་ཐུབ་པའི་རྣམ་པའི་ཐོག་ནས་མངོན་འགྱུར་ཡོང་བ་བྱེད་དགོས།
ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ་ནི་ཉིན་གཅིག་གི་བྱས་རྗེས་ཤིག་མིན་ལ། སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བར་དེ་བས་ཡུན་རིང་བྱས་རྗེས་འཇོག་དགོས། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེ་ནི་རང་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་ཁྲིམས་སྐྱོང་ཅན་གྱི་དུས་མཚམས་གསར་པར་སླེབས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ་ཁྲིམས་ལྟར་ཞིང་ཆེན་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱིས་སྲོལ་ཡིག་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱས་ཏེ་སྲོལ་ཡིག་གཞིར་བཟུང་ལྟ་སྐུལ་འགན་འཁྲི་ནན་པོ་སྒྲུབ་པ་དང་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིམ་ཁག་ཁྲིམས་འཛིན་མི་སྣས་ཁྲིམས་སྐྱོང་གི་བསམ་བློ་བརྟན་པོ་འཛུགས་པ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་། རང་འགུལ་ངང་ཚད་ལྡན་གྱི་འགན་འཁྲི་སྒྲུབ་པ། ཁྲིམས་འཛིན་བྱེད་ཐེངས་རེ་རེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མང་ཚོགས་ཀྱི་རེ་བ་དང་མཐུན་པ་བཅས་བྱེད་དགོས།
བཅའ་ཁྲིམས་བཟང་པོ་ལ་བརྟེན་ནས་བཅོས་སྐྱོང་ཡག་པོ་འགན་ལེན་དང་། ལྟ་སྐུལ་ལ་ འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྲོལ་ཡིག་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་སྲིད་འཛིན་དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཚད་ལྡན་ནུས་ཆེའི་སྲིད་འཛིན་ཁྲིམས་འཛིན་དང་། འགྱུར་མེད་ནུས་ལྡན་གྱི་ཁྲིམས་འཛིན་ལྟ་སྐུལ་བཅས་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས།