མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས6པའི་ཉིན་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་རྒྱལ་ཡོངས་ཀྱི་ལྕགས་བཞུ་ལས་རིགས(ཧ་ཡང་)ཕྱོགས་སྒྱུར་དངུལ་རྩའི་ཚད་གཞི་མཚོ་སྔོན་དུ་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེནཨུད་དངུལ་རྩ་གཞུང་དོན་ཁང་དང་། ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་བཅས་དང་མཉམ་དུ་《མཚོ་སྔོན་ཞིང་ཆེན་གྱི་ལྕགས་བཞུ་ལས་རིགས(ཧ་ཡང)ཕྱོགས་སྒྱུར་དངུལ་རྩའི་ཚད་གཞི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ནས་དངུལ་རྩའི་སྒྲིག་གཞིས་ཞིང་ཆེན་ཡོངས་ཀྱི་ཧ་ཡང་ཐོན་ལས་ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་གྱི་མ་དངུལ་བསྡུ་སྒྲིལ་རྒྱབ་སྐྱོར་ལ་ཁྲིད་སྟོན་བྱེད་དགོས།
《ཇུས་གཞིའི》ནང་“ཞིང་ཆེན་ཡོངས་ཀྱིས་ཚོད་ལྟ་དང་། སྔོན་ལ་སྒྲོལ་བ། དཔེ་སྟོན་སྣེ་ཁྲིད། ཁྱོན་ཡོངས་ནས་མཐོར་གཏོང་”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཕྱོགས་སྒྱུར་གྱི་དངུལ་རྩའི་སྲིད་ཇུས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་ཧ་ཡང་ཐོན་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་གཅོག་གི་ལག་རྩལ་སྒྱུར་བཀོད་དང་ལྗང་མདོག་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱི་ལྕགས་བཞུ་ལས་རིགས(ཧ་ཡང་)ཀྱི་རིགས་སྒྱུར་དངུལ་རྩའི་ཚད་གཞི་ཚོད་ལྟ་བྱས་པ་བརྒྱུད་རིགས་སྒྱུར་དངུལ་རྩའི་ཞབས་ཞུའི་མ་ལག་རིམ་བཞིན་བཙུགས་ནས་རིན་ཐང་མཐོ་པོ་ཅན་དང་། རིག་ནུས་ཅན། ལྗང་མདོག་བཅས་ཀྱི་ཧ་ཡང་ཐོན་ལས་འཕེལ་རྒྱས་མ་ལག་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱེད་དགོས།
《ཇུས་གཞིའི》ནང་གློག་འབྱེད་ཧ་ཡང་དང་། བསྐྱར་སྐྱེས་ཧ་ཡང་། ཧ་ཡང་རྒྱུ་ཆ་ལས་སྣོན་བཅས་གཙོ་གནད་ཁྱབ་ཁོངས་གསུམ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་དམིགས་ནས་འབྲེལ་ཐག་ཧྲིལ་པོར་གཙོ་གནད་ལས་འགན་ཁག་བཅུ་གཉིས་ཞིབ་ཕྲ་བཟོས་ཡོད་པ་རེད། དེའི་ནང་གཙོ་བོ་ཧ་ཡང་ཐོན་ལས་རིགས་བསྒྱུར་གྱི་དངུལ་རྩའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།དངུལ་ཁང་བཅུ་ཁག་དང་པོའི་ཚད་ལྡན་ཚོད་ལྟའི་ཚོད་ལྟའི་དངུལ་རྩའི་སྒྲིག་གཞིར་ ཕྱོགས་སྒྱུར་དངུལ་རྩའི་རྒྱབ་སྐྱོར་གྱི་འགུལ་རྣམ་རྣམ་གྲངས་མཛོད་བཙུགས་ནས་དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཤར་གཏོང་བྱས་ཏེ་མ་དངུལ་བསྡུ་སྒྲིལ་གྱི་འཕེལ་རིམ་ལ་རྒྱུན་མཐུད་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱེད་པ། ཧ་ཡང་ཐོན་ལས་ཕྱོགས་སྒྱུར་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་དང་། ཧ་ཡང་ཐོན་ལས་ཕྱོགས་སྒྱུར་གྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་ཆེར་གཏོང་བ། ལྗང་མདོག་འགན་བཅོལ་གྱིས་ཧ་ཡང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པའི་ནུས་པ་འདོན་སྤེལ་ ཚན་རྩལ་ནུས་སྤྲོད་ཕྱོགས་སྒྱུར་གྱི་དངུལ་རྩའི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ཧ་ཡང་ཐོན་ལས་ཀྱི་རྒྱུན་མཐུད་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཧ་ཡང་ཐོན་ལས་ཕྱོགས་སྒྱུར་གྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དོ་དམ་ལ་ཤུགས་སྣོན་རྒྱག་པ། “ཕྱོགས་སྒྱུར་རྫུན་མ”དང“ཐཱན་གཏན་འཁེལ་”སོགས་ཀྱི་ སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་དང་། སྐུལ་སློང་དང་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནོར་སྲིད་དང་དངུལ་རྩ་མཉམ་འགུལ་གྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བཅས་བྱ་དགོས། ཤེས་ལྡན་མི་སྣ་འགན་སྲུང་དང་ཕྱོགས་བསྡོམས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་བསྒྱུར་དངུལ་རྩའི་ཉམས་མྱོང་འདྲ་བཟོ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བྱེད་དགོས།
《ཇུས་གཞི》པར་འགྲེམས་བྱས་པ་དེས་ཧ་ཡང་ཐོན་ལས་ཕྱོགས་སྒྱུར་གྱི་དངུལ་རྩའི་ཚད་གཞི་མཚོ་སྔོན་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། འདྲ་བཟོ་དང་ཁྱབ་གདལ་ཆོག་པའི་ཧ་ཡང་ཐོན་ལས་ཕྱོགས་སྒྱུར་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་ཁག་གཅིག་ཆགས་པ་བྱས་ནས་མཚོ་སྔོན་གྱིས་ཚད་གཞི་དེ་བས་མཐོ་བའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་དང་བརྟན་པོའི་ངང་ཐཱན་མཐོ་ཤོས་སུ་སླེབས་པ་དང་སྲོལ་རྒྱུན་ཐོན་ལས་ལེགས་སུ་གཏོང་བ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་ཧ་ཡང་ཐོན་ལས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ“མཚོ་སྔོན་གྱི་དཔེ་སྟངས”མཁོ་འདོན་བྱ་རྒྱུར་ཕན་ཐོགས་ཡོད།