2026ལོའི་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་སྟོབས་ཞིང་ཕན་སྲིད་ཇུས་སྐོར་གྱི་ཀྲུང་དབྱང་དང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྫོང་ཡོངས་ཀྱི་རོང་འབྲོག་པས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་སྔར་བས་མཐོ་རུ་གཏོང་བ། ཕྱུགས་ལས་ཀྱི་སྤུས་འདེགས་ཕན་འཕར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་རླིང་ངང་འཕར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ལས་བྱེད་པ་བརྒྱ་ཐམ་པ་གཞི་རིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པའི་སྐབས་སུ། དགའ་བདེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་བྱ་དགའ་དང་ཁ་གསབ་ལས་དོན་མི་སྣ་ཞང་དྲུག་དང་གྲོང་རྡལ་གཅིག་ཏུ་མངགས་ནས། 2026ལོའི་ནོར་ལུག་བཤས་ཁོངས་སུ་གཏོང་བའི་ཁ་གསབ་སྲིད་ཇུས་ཡོངས་སུ་ཁྱབ་པའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ།
སྒྲོག་འགྲེལ་བྱ་འགུལ་གྱིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། བཤས་ཁོངས་སུ་གཏོང་བའི་བྱ་བའི་གཙོ་ཐིག་ལ་སྐུལ་འདེད་གཏོང་བ་གནད་དུ་བཟུང་སྟེ། རྫོང་ཡོངས་ཀྱི་ཞང་དྲུག་དང་གྲོང་རྡལ་གཅིག་ལ་ཡོངས་སུ་ཁེབས་པར་བྱེད་པ་དང་། ཁ་གསབ་བྱ་ཡུལ་དང་ཁ་གསབ་ཀྱི་ཚད་གཞི། སྙན་ཞུ་འབུལ་བའི་ཆ་རྐྱེན། རྒྱུ་ཆ་ཞིབ་ཐོ། བརྒྱུད་རིམ་འགྲོ་ལུགས་གཉེར་བ་སོགས་ཀྱི་ལྟེ་བའི་ནང་དོན་ལ་དམ་པོར་དམིགས་ནས། གོ་བདེ་བའི་འབྲོག་ཁུལ་གྱི་སྐད་ཆས་ལས་གཞི་རེ་རེ་བཞིན་གསལ་འགྲེལ་དང་དོགས་གནད་ལ་ལན་བཏབ་པ་དང་། གཞི་རིམ་ལས་བྱེད་པའི་སྦྱོང་བ་མཐིལ་རྟོགས་དང་གནད་འཁེལ་བརྒྱུད་སྒྲོག རོང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། བཀོལ་སྤྱོད་ཐུབ་པ་བཅས་ཀྱི་ཐད་ལ་འགན་ལེན་བྱས།
སྒྲོག་འགྲེལ་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ་རོང་འབྲོག་མང་ཚོགས་ཧུར་ཐག་གིས་ཞུགས་པ་དང་། རང་འགུལ་ངང་བློ་འདྲི་བྱེད་པ། མཉམ་འགུལ་སྤེལ་རེས་བྱས་པས། སྲིད་ཇུས་དྲིལ་སྒྲོག་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཡུལ་དངོས་སུ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་མང་པོ་གཅིག་ཐག་གཅོད་བྱས་པ་རེད། གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ཞང་དྲུག་དང་གྲོང་རྡལ་གཅིག་གི་གཞི་རིམ་ལས་བྱེད་པས་སྲིད་ཇུས་ཀྱི་གཙོ་གནད་དང་དངོས་སྦྱོང་གི་བརྒྱུད་རིམ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རྗེས་ཕྱོགས་ཀྱི་ཁ་གསབ་སྙན་ཞུ་དང་ནོར་ལུག་བཤས་ཁོངས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
རྗེས་མར། དགའ་བདེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་རྒྱུན་མཐུད་ངང་སྲིད་ཇུས་དོན་འཁྱོལ་གྱི་མྱུར་ཚད་ལ་རྗེས་སྙེག་བྱེད་པ་དང་། གྲོང་རྡལ་མཛུབ་ཁྲིད་དང་ཁྱིམ་ཚང་དུ་ཞུགས་པའི་ཞབས་ཞུར་ཤུགས་སྣོན་་པ། དུས་ཐོག་ཏུ་མཐུན་སྦྱོར་གྱིས་སྙན་ཞུ་འབུལ་བ་དང་། ཞིབ་དཔྱད་བྱེད་པ། བརྗེ་སྤྲོད་བྱེད་པ་བཅས་ཀྱི་ཁྲོད་ནས་འགག་གནད་དང་དཀའ་གནད་ཐག་གཅོད་བྱེད་པ་བཅས་ཀྱིས། ཞིང་ཕན་དང་ཕྱུགས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་མཐོང་ཐུབ་པའི་འགན་ལེན་བྱས་ནས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་རེད། །