མགོ་ལོག་གིས་འཛད་སྤྱོད་སྐུལ་འདེད་བྱ་འགུལ་ལ་བརྟེན་ནས་མང་ཚོགས་ཀྱི་འཛད་སྤྱོད་ངར་ཤུགས་བསླངས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཉོ་ཚོང་མཁར་གྱི་ཐང་ཆེན་དུ། མང་ཚོགས་རྣམས་སྤྲོ་སེམས་འཁོལ་བའི་ངང་ནས་གྲལ་རིང་བསྒྲིགས་ཤིང་ཚང་མའི་གདོང་ལ་རེ་བས་ཁེངས་བཞིན། གོ་རིམ་ལྡན་པའི་སྒོ་ནས་ཡུལ་དངོས་ཀྱི་གོང་བདེའི་འཛིན་བྱང་ལེན་བཞིན་འདུག དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེན་གངས་རི·ཁེ་ཚོང་མགོ་ལོགཅེས་པའི་འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་མགོ་རྩོམ་པའི་རྣམ་པ་རེད།

ཡུལ་དངོས་སུ་མི་ཚོགས་རྒྱས་ཤིང་། “མགོ་ལོག་གི་མཆོག་གྱུར་ཚོང་རྫས”དང་ཅ་ལག་རྙིང་པ་གསར་བརྗེ།སྲིད་ཇུས་དྲིལ་སྒྲོག་འགྲེམ་སྟོན་སོགས་འགྲེམ་ཁུལ་རིམ་པ་ལྟར་བསྒྲིགས་ཡོད། སྐམས་ཤ་གསར་པ་དང་དྲི་ཞིམ་འོ་བཟོས་ཐོན་ལས། ས་གནས་ཀྱི་ནས་བཟོས་ཐོན་རྫས་སོགས་ཞིང་ཕྱུགས་ཐོན་རྫས་ཤིན་ཏུ་མང་པོ་ཡོད། གཙགས་དྲུབ་དང་ཐང་ག སྡེར་ནང་ས་བྲིས་སོགས་མངོན་མིན་ཤུལ་བཞག་རིག་རྫས་སྣ་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ལྡན། ཁྱིམ་གློག་དང3Cགློག་ཆས་སོགས་ཚོང་རྫས་སྣ་ཚོགས་འདུ་བས། སྣ་མང་མཉམ་འདྲེས་ཀྱི་འཛད་སྤྱོད་དགོས་མཁོ་གཞི་གཅིག་ཅན་གྱི་འཛད་སྤྱོད་བཤམས་སྟོན་ཆེན་མོ་ཞིག་བཤམས་ཡོད། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་སྒོར་ཁྲི60ཡི་འཛད་སྤྱོད་མ་དངུལ་བསྡུ་རུབ་བྱས་པ་དང་། ཁུལ་ཡོངས་ཀྱི་ཚོང་པ300ལྷག་དེར་ཞུགས་ལ། གོང་བདེའི་འཛིན་བྱང5000ལྷག་དྲ་ལམ་དང་ཡུལ་དངོས་སུ་སྤྱད་ཅིང་། ཡུལ་དངོས་སུ་ཚད་ལ་སླེབས་ན་ཉུང་འཐེན་བྱེད་པ་དང་དྲ་ལམ་དུ་དུས་བགོས་ནས་སྟེར་བའི་རྣམ་པས་དམངས་ལ་ཕན་བདེ་དང་སྟབས་བདེ་བསྐྲུན། གློག་ཆས་རྙིང་ཚབ་གསར་བརྗེ་ཡིས15%ཡི་རྒྱལ་ཁབ་ཀྱི་ཁ་གསབ་དང15%ཡི་ཁུལ་རིམ་པའི་ཁ་གསབ་བཀོལ་ཆོག་པར་བྱས་ཏེ། ཕྱོགས་བསྡུས་ཁ་གསབ30%ལ་སླེབས་པར་བྱས་ཤིང་། དེའི་ཁར་ཉོ་ཚོང་གི་རྒྱན་ཤོག་ལེན་པ་བསྣན་ཏེ། མང་ཚོགས་ཀྱི་འཛད་སྤྱོད་བྱེད་པའི་ངར་ཤུགས་རྒྱུན་མཐུད་དུ་བསླངས།

མགོ་ལོག་ཁུལ་གྱི་འཛད་སྤྱོད་བྱ་བ་ལེགས་པོར་འཁྱོངས་པའི་བྱེད་ཐབས་གལ་ཆེན་ཡིན་པའི་ཆ་ནས། ཐེངས་འདིའི་བྱ་འགུལ་ནི་མགོ་ལོག་ཁུལ་གྱིས2026ལོའིའཛད་སྤྱོད་མཐོར་འདེགས་གཏོང་བའི་ལོཡི་བྱ་བའི་བླང་བྱའི་གཙོ་གནད་བྱེད་ཐབས་དངོས་འབེབས་བྱས་པ་ཡིན་ལ། དུས་མཚུངས་སུ་མགོ་ལོག་ཁུལ་གྱི་འཛད་སྤྱོད་ལ་སྐུལ་བའི་བྱ་བའི་ཐད་ཀྱི་བསྡུས་གཟུགས་ཤིག་ཀྱང་ཡིན། ལོ་འདི་འགར། མགོ་ལོག་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་འཛད་སྤྱོད་ལ་སྐུལ་བ་དེ་དཔལ་འབྱོར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ཤིང་། ཞིང་ཆེན་ཡོངས་ཀྱིམཚོ་སྔོན་དུ་ཉོ་ཚོང་བྱེད། མཚོ་སྔོན་དུ་ཕབ་གཅོག་བྱེདཅེས་པའི་བརྗོད་དོན་དང་དམ་དུ་འབྲེལ་ཏེ། “ཞིང་ལས་དང་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་དོནབཅས་ཐོན་ལས་ལྔ་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཐུས་ཚང་དུ་བཏང་ལ། ཧྲང་ཧའེ་དང་མགོ་ལོག་གི་གློག་ཚོང་ཐོན་ལས་ལྟེ་གནས་ཀྱི་དྲ་ལམ་འཛད་སྤྱོད་ལ་བརྟེན་ནས། འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་ཡོངས་ལ་སྒོར་ཁྲི7500ལྷག་ལས་བརྒལ་བ་བཀོལ་ཟིན། མགོ་ལོག་ཁུལ་གྱི་ཚོང་དོན་ཁོངས་གཏོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་སྣ་ཚོགས་སྤེལ་བ།“ཁེ་ལས་ལ་རོགས་སྐྱོར་དང་དམངས་ལ་ཕན་པའི”སྤུས་ལེགས་མཐོར་འདེགས་བྱ་འགུལ་ལག་བསྟར་བྱེད་པ། སྡེ་ཁག་མཐུན་སྦྱོར་དང་ཁུལ་རྫོང་མཉམ་འབྲེལ་བྱེད་པར་སྔར་ལས་ཤུགས་འདོན་པ། འཛད་སྤྱོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་དང་འཛད་སྤྱོད་བྱ་ཡུལ་ཕུན་ཚོགས་སུ་གཏོང་བ་བཅས་བྱས་ཏེ། སྲོལ་རྒྱུན་གྱི་འཛད་སྤྱོད་དང་འཛད་སྤྱོད་བྱེད་སྟངས་གསར་པ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།