ཏང་འཛུགས་སྐྲུན་གྱིས་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་བར་སྣེ་ཁྲིད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་སྤེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

—གཅིག་སྒྲིལ་རྫོང་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱིའི་སྨན་ཁང་གིསྐོར་སྐྱོད་སྨན་བཅོས+”བྱ་འགུལ་ཞང་ལྔ་དང་གྲོང་རྡལ་གཅིག་ལ་ཁྱོན་ཡོངས་ཁེབས་པ་མངོན་འགྱུར་བྱས་ཚུལ།

ཡང་དག་པའི་སྲིད་འབྲས་ལྟ་བ་ལག་ཏུ་བསྟར་བ་དང་གཞི་རིམ་མང་ཚོགས་ཀྱི“ནད་སྟོན་པར་བར་ཐག་རིང་བ་་དང་ནད་སྟོན་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད། ཟླ3པའི་ཚེས23ཉིན་ནས་ཚེས30ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱིའི་སྨན་ཁང་གིས་ཏང་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ་མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་ཆེད་མཁས་པ་དང་ནང་འདྲེན་འཇོན་ནམ་སྨན་ཁང་རྐང་འཛིན་པ་བཅས་མི་སྣ10རྫོང་ཁོངས་ཀྱི་ཞང་ལྔ་དང་གྲོང་རྡལ་གཅིག་ཏུ་མངགས་ཏེ། སྐོར་སྐྱོད་སྨན་བཅོས+གཞི་རིམ་འོས་འགན་སྨན་བཅོས+བདེ་ཐང་དྲིལ་སྒྲོག་སློབ་གསོའིཆེད་དམིགས་བྱ་འགུལ་སྤེལ་ནས་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་ཐོན་པར་སྐུལ་འདེད་བཏང་།

བྱ་འགུལ་ཁྲོད་ཁོག་ནད་དང་ཕྱི་ནད། མོ་ནད། བྱིས་ནད། ཀྲུང་ལུགས་གསོ་རིག་སྨན་བཅོས། འགྱེད་འཕྲོ་སོགས་ཆེད་ལས་མང་པོའི་སྨན་བཅོས་ཞབས་ཞུའི་རུ་ཁག་བཙུགས་ནས་འབྲོག་ཁུལ་གྱི་མང་ཚོགས་དང་། ལོ་ལོན། བུད་མེད་དང་བྱིས་པ་སོགས་མི་ཚོགས་གཙོ་བོར་ལ་གནད་འཁེལ་སྒོས་འབྲེལ་མཐུད་བྱས། ཡུལ་དངོས་སུ་ཆེད་ལས་ཁག་གི་སྨན་པས་ལས་བགོས་མཉམ་ལས་བྱས་ཏེ་མང་ཚོགས་ལ་ནད་ཀྱི་གནས་ཚུལ་འདྲི་རྩད་དང་། ལུས་པོར་བརྟག་དཔྱད། གཅོང་ནད་མཛུབ་ཁྲིད། ཀྲུང་ལུགས་གསོ་རིག་གི་སྨན་བཅོས། གཟུགས་བརྙན་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་འབྲས་སྐྲན་གཉིས་ལ་དུས་མཉམ་དུ་ཚགས་བཤེར་བྱས།

ཐེངས་འདིའི་བྱ་འགུལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། རིམ་རྩིས་ལྟར་ན་མང་ཚོགས་མི་ཐེངས1200ལྷག་ཙམ་ལ་ཞབས་འདེགས་ཞུ་བ་དང་། བློ་འདྲི་བ་མི་ཐེངས700ལྷག་སྣེ་ལེན་བྱས་ནས། དབང་པོ་སྐྱོན་ཅན141གསལ་འབྱེད་རགས་ཙམ་བྱས་པ་དང་། དབང་བོ་སྐྱོན་ཅན33གཏན་འཁེལ་བྱས་པ་་ལ་འགྲོ་ལུགས་བསྒྲུབས་ནས་མང་ཚོགས་ཀྱི་བདེ་ཐང་དཀའ་གནད་ཐག་གཅོད་ཏན་ཏིག་བྱས། དེ་དང་ཆབས་ཅིག་སྤྱིའི་སྨན་ཁང་གི་རྐང་འཛིན་པས་གཞི་རིམ་གྱི་སྨན་བཅོས་རོགས་སྐྱོར་བྱེད་པའི་ཐད་དངོས་སྦྱོང་སློབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་སྨན་བཅོས་མི་སྣ་ལDRསྒྲིག་ཆས་དང་། གློ་བའི་ནུས་པ་ཞིབ་དཔྱད་ཚད་ལེན་ཡོ་བྱད་བཀོལ་སྤྱོད། དལ་བའི་རང་བཞིན་གྱི་ནད་ལ་ཀྲུང་ལུགས་གསོ་རིག་གི་དབྱེ་འབྱེད་ཐབས་རྩལ་བཅས་ཁོང་དུ་ཆུད་པར་མཛུབ་ཁྲིད་བྱས་ཤིང་། རིམ་རྩིས་ལྟར་ན་གསོ་སྦྱོང་ཐེངས6ལ་མི་ཐེངས60ལ་སླེབས། 5Gརྒྱང་ཁྲིད་གཟུགས་བརྙན་མ་ལག་ལ་བརྟེན་ནསགཞི་རིམ་གྱི་བརྟག་དཔྱད+རྫོང་རིམ་པའི་བརྟག་དཔྱདམངོན་འགྱུར་བྱེད་པར་བརྟེན་ནས་གཞི་རིམ་གྱི་སྨན་བཅོས་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་པ་རེད།

ཐེངས་འདིའི་བྱ་འགུལ་ནི་སྤྱིའི་སྨན་ཁང་གི་ཏང་འཛུགས་སྐྲུན་གྱིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བར་སྣེ་ཁྲིད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པས། མང་ཚོགས་ཀྱི་གདེང་འཇོག་བཟང་བོ་ཆེ་ཆེར་ཐོབ་ཡོད།

རྗེས་མར་སྤྱིའི་སྨན་ཁང་གིས་རྒྱུན་རྣམ་ཅན་གྱི་བྱེད་སྒོ་དེ་རིགས་སྤེལ་ནས་མང་ཚོགས་ཀྱི་དགོས་མཁོར་དོ་གནད་དང་། འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི ་སྤུས་འདེགས་ཕན་འཕར་ལ་སྐུལ་འདེད་གཏོང་བ། རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ་རྫོང་ཁོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།